ཁྱེད་དང་ང་ཡི་བརྩེ་དུང།
ལང་ཚོའི་ས་བོན་གསར་པ་ཡིན་པའི་དུས་ནས།
མཉམ་དུ་ཕན་ཚུན་བརྩེ་བའི་འཚོ་བ་འཚར་ལོངས་བྱུང།
འཇིག་རྟེན་འདི་རུ་མཉམ་དུ་སླེབས་པའི་ཁྱེད་དང་ང།
འདས་ཟིན་པའི་ལོ་ཟླ་མང་པོའི་འཕྲོད།
མཛའ་བརྩེ་ཡི་མེ་ཏོག་རིམ་བཞིན་བཞད།
དེ་ཡང་བརྗེད་དཀའ་བའི་ལོ་རྒྱུས་ཤིག་དང།
ཚར་དུ་དངར་བའི་རི་མོ་ཞིག་བྲིས།
རེད་ཨང།
མི་སུ་འདྲ་ཞིག་ཡིན་རུང།
རང་རང་ལ་དགའ་བའི་མཛའ་གྲོཊ་རེ་ལོས་ཀྱང་ཡོད།
ཆེས་ཐོག་མ་ནས་དགའ་མྱོང་བའི་མི་དེ་དང།
ཚེ་གང་འགྲོགས་རྒྱུ་བྱུང་ན་དགའ་བ་ལ་ཨང།
ཡིན་ནའང་གཡོལ་ཐབས་མེད་པ་ནི།
ལས་དབང་ཞེས་པ་དེ་རེད་འདུག།
འདས་པའི་ལོ་ཟླའི་ནང།
དྲང་བདེན་དང་བརྩེ་བ་ཟབ་པའི་ཁྱོད་རང།
ལྷག་བསམ་ལ་གཡོ་ལྷད་མེད་པའི་ཁྱོད་རང།
ངས་བརྗེད་པར་དཀའ་ཞིང་ནམ་ཡང་དྲན།
ཁྱེད་དང་ང་ ང་དང་ཁྱེད་
ཕན་ཚུན་གྱི་དགའ་ཚུལ།
ཆུ་དང་ཉ་མོའི་འབྲེལ་བ་དང་འདྲ།
ཡིན་ཡང་ལས་དབང་ལ་ལྡོག་ཐབས་མེད་པས།
རྨི་ལམ་ལྟར་ལྡོག་ཕྱོགས་སུ་གྱུར་སོང།
འདས་ཟིན་པའི་མི་ཚེའི་སྟོད་ཆར།
མངའ་སྐྱུར་གྱི་འཚོ་བ་ལང་ལོང་གི་ཁྲོད།
རིན་ཐང་ཆེ་ཤོས་དེ་ནི་བསམ་ཤེས་ཡིན།
ངའི་ཁྱེད་ལ་བཅངས་བའི་བརྩེ་བ་དང།
རེ་སྨོན་ནི་ད་ལྟའི་འཚོ་བའི་གོམས་གཤིས་སུ་གྱུར།
འོན་ཀྱང་ང་ལ་གཞན་གྱི་ཐབས་ཤེས་ཅི་ཞིག་ཡོད།
དེ་ནི་ཁོ་བོའི་ཁེར་ཀྱང་གི་འདུ་ཤེས་དང་འཚོ་སྟངས་ཞིག་ཏུ་གྱུར།
2018-05-06
网友评论