美文网首页
ལོ་ཙྭ་བ་ཞིག་ལ་ཚང་དགོས་པའི་ཆ་རྐྱེ

ལོ་ཙྭ་བ་ཞིག་ལ་ཚང་དགོས་པའི་ཆ་རྐྱེ

作者: SONAM0 | 来源:发表于2020-10-21 21:08 被阅读0次

    བླ་མ་རིན་པོ་ཆེའི་གསུང་ཞབས་པའམ་གསུང་སྒྱུར་བ་རྒན་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་གསུང་བསྒྱུར་བྱ་སྐབས་ཆེས་གལ་ཆེ་བའི་ཉམས་མྱོང་ཁྱད་པར་བ་གསུམ་ལྟ་བུ་ཞིག་བཤད་སོང་། དེ་དག་ཧ་ཅང་གི་རིན་ཐང་ཆེ་བར་མཐོང་བས་ཉམས་མྱོང་དེ་དག་ཕྱོགས་ཙམ་བརྗོད་ན། གཅིག་ནི། གསུང་བསྒྱུར་གནང་སྐབས་རང་ཉིད་གསུང་མཁན་དངོས་ཡིན་སྙམ་པ་ལས་དེ་ལས་ལོགས་སུ་གྱུར་བའི་གང་ཟག་གཉིས་པ་ཞིག་ཏུ་འདོད་མི་རུང་བ་དེ་རེད། གལ་སྲིད་གང་ཟག་གཉིས་པ་ཞིག་ཡིན་སྙམ་པའི་སྣང་བ་ཡོད་ཚེ། རང་ཉིད་ཀྱི་འདོད་པ་དང་ལྟ་ཚུལ་ཐན་ཐུན་ཡང་གསུང་བ་བོའི་སྐད་ཆའི་ནང་དུ་བསྲེ་ཉེན་ཆེ་ཟེར། གཉིས་པ་ནི། གཏན་ནས་ཁོས་དེ་འདྲ་གསུང་གི་འདུག་ཅེས་མི་སྨྲ་བར་རང་ཉིད་གསུང་པ་པོ་ཡིན་པའི་སྣང་བ་བཟུང་སྟེ། ཚིག་སྤྱོད་སྟངས་ཀྱི་ཆ་ནས་ཀྱང་ང་རང་གིས་དེ་ལྟར་འདོད་ཅེས་བཤད་ཐུབ་དགོས་ཟེར། མ་གཏོགས་ཁྱོད་སྐད་སྐུར་མཁན་ལྟ་བུ་ཞིག་ཏུ་སོང་ཚེ་ཉན་པོ་དང་གསུང་པ་པོའི་དབར་གྱི་ཁ་ཐག་རིང་ཏུ་ཕྱིན་ཏེ། ཕན་ཚུན་གྱི་སེམས་ཐག་ཉེ་བོ་མེད་པ་ཆགས་འགྲོ་བར་བརྗོད། གསུམ་པ་ནི། གསུང་པ་པོས་བོད་སྐད་ཀྱིས་ལམ་ནས་གསུངས་ཀྱང་རང་ཉིད་ཀྱིས་ཚུར་ཉན་པའི་སྐབས་སུ་ངེས་པར་དབྱིན་སྐད་ཀྱིས་ཐོག་ནས་ཉན་ཐུབ་དགོས། དེ་ལྟར་ཡོང་ན་ད་གཟོད་ལམ་སང་ལོ་ཙྭ་བྱེད་པར་རོགས་འདེགས་བླ་མེད་ཐེབས་ངེས་པར་གསུངས། ཉམས་མྱོང་ཁྱད་པར་བ་དེ་གསུམ་ནི་སྐད་སྒྱུར་བ་ཞིག་གིས་ངེས་པར་ཤེས་དགོས་པ་མ་ཟད་ཡིག་སྒྱུར་བ་ཚོས་ཀྱང་དེ་བཞིན་དུ་ཉམས་འཇོག་དགོས་པའི་ཆ་རྐྱེན་གཙོ་ཤེས་ཤིག་ཏུ་སྙམ་མོ།།

    相关文章

      网友评论

          本文标题:ལོ་ཙྭ་བ་ཞིག་ལ་ཚང་དགོས་པའི་ཆ་རྐྱེ

          本文链接:https://www.haomeiwen.com/subject/ttxymktx.html