ཉིན་འདི་དག་ལ་རང་དགོན་པས་ལོ་གཅིག་གི་སྐུ་རིམ་ཞབས་བརྟན་སྒྲུབ་བཞིན་འདུག་པས་ཆོས་ཚོགས་ཧ་ཅང་ལྗི་བ་རེད། ཁ་སང་དེ་གཉིས་ལ་ཁོ་བོས་ཀྱང་བཀའ་འགྱུར་ལས་གླེགས་བམ་གཅིག་འདོན་ཁུལ་བྱས་པ་ཡིན། ཡིག་ཆོད་མི་བཟང་ཞིང་། འདོན་ལོབས་སུ་སོང་མེད་སྟབས་ཤོག་གྲངས་བཞི་བརྒྱ་ལྷག་གིས་གྲུབ་པའི་དུམ་རྒན་གང་དེ་ཡོངས་སུ་རྫོགས་པར་ཉིན་གཉིས་ཀྱི་དུས་ཡུན་འགོར་སོང་། དེ་ཡང་ཤིན་ཏུ་འབད་པ་དྲག་པོ་བརྟེན་དེ་གྲུབ་པར་བྱས་པ་ལས། ལྷོང་ཡངས་ཀྱི་རྣམ་པས་ལས་སླ་བོར་རྫོགས་པ་ཞིག་གཏན་ནས་མིན། རང་ཚོད་ཀྱིས་ཡིག་འབྲུ་གཅིག་ཀྱང་ཆག་ལྷག་མ་ཤོར་བ་བྱས་ཏེ། སྒྲ་དག་གསལ་གསུམ་གྱི་སྒང་ནས་བཏོན་པ་ཡིན་ལ་དེའི་ཆ་ནས་ཡིད་ཚིམ་པོ་ཡང་བྱུང་། སེམས་བྲོད་པོ་བྱུང་། དེ་ལྟར་ཧ་ཅང་གཟབ་ནན་བྱ་དགོས་དོན་ཡང་། གཅིག་ནས་གྲྭ་ཚང་གི་ཞབས་བརྟན་ཡིན་ལ། གཉིས་ནས་སེམས་དང་བསམ་པས་ལོངས་ན་རང་ཉིད་ཀྱི་རིམ་གྲོ་ལ་ཡང་དེ་ལས་ལྷག་ཅིག་སྒྲུབ་ཚུལ་མེད་པས་ཧ་ཅང་གལ་ཆེན་གཙིག་ཆེན་དུ་བཟུང་བའོ།། མ་ཟད་ཀློག་འདོན་པར་བྱང་ཆེད་དང་ཡིག་རྩ་ཇེ་བཟང་ལ་འགྲོ་ཕྱིར་སློབ་སྦྱོང་གིས་བསམ་པས་ཚིག་འབྲུ་རེ་རེ་བཞིན་སྒྲ་དག་གསལ་གསུམ་གྱིས་བཏོན་པ་ཡིན་པས། ཡིག་ཆོད་ཀྱང་ཕྲན་ཙམ་ཡར་རྒྱས་སུ་སོང་ངོ་།། དེ་ཡང་སློབ་གཉེར་གྱི་གྲུབ་འབྲས་དང་ཡར་བསྐྱེད་གང་ཞིག་བྱུང་བའི་མངོན་རྟགས་སོ།།
网友评论