美文网首页
2017-12-12

2017-12-12

作者: 睨视 | 来源:发表于2017-12-12 12:36 被阅读0次
2017-12-12

࿑ སྐྱེས་སྐར་བསུ།

                              ཁོང་སྔོན་བ།

ཕྱི་ཡི་སྤྱོད་པ་ལྟ་བའི་མིག་ལ་མཛེས།།

ནང་གི་ཀུན་སློང་དཀར་པོའི་མདངས་སུ་རུང་།།

འགྲོགས་བཟང་ང་ཡི་གྲོཊ་པོ་སྙིང་གཅེས་པ།།

མི་རུ་སྐྱེས་པའི་སྐར་མ་ཨེ་མ་རྨད།།

དགའ་སྡུག་ལས་ཀྱིས་བཀོས་པའི་ཁུག་སོ་ནས།།

འཛུམ་པའི་མདངས་ལ་ལྷད་སྐྱོན་མ་བྱུང་ཞིང་།།

མི་ཚེའི་འཕྲང་རིང་བསྒྲོད་པའི་ཐང་ཆེན་ནས།།

ཞྭ་དཀར་ཤེས་སེང་་འཛུམ་པ་ཡག་རེད་ཀོ།

བརྗོད་འདོད་གཏམ་ལ་ཟད་པ་མི་སྲིད་ཅིང་།།

ཞེ་འདང་དམར་པོ་ཚིག་གིས་མི་མཚོན་མོད།།

དུང་སེམས་འོ་མ་བསྲེས་པའི་འཕྲིན་པ་འདི།།

གྲོགས་པའི་སྐྱེས་སྐར་ཕུལ་བའི་སྨོན་ཚིག་ཡིན།།

相关文章

网友评论

      本文标题:2017-12-12

      本文链接:https://www.haomeiwen.com/subject/tyngixtx.html