ཙག་རླུང་གིས་གཙེས་པའི་དུད་ཚང་གི་སྒོ་དར
ཉི་ཟླའི་མཆེ་བར་ནས་མཚེར་བའི་ནམ་མཁའ་སྐྱ་བོ
མུན་པས་བཏུམས་པའི་ཁ་བ་དང་དེའི་རྣམ་ཤེས
ཕ་ཡུལ་ལ་བཏབས་པའི་ཁྲག་གི་ནས་འབྲུ་ཡིན་ནམ
མྱ་ངན་དོད་པའི་ལུང་པ་དག་གིས་སྨུག་པ་རུམ་གང་བསྡུས་ནས
རུམ་ཁ་རླུང་ལ་བཟེད་ཡོད
ཟེའུ་འབྲུ་རྒྱས་མེད་པའི་གང་བུ
ཁ་བའི་ཁྲོད་ཀྱི་མིག་འབྲས་ཆུང་ཆུང་ཞིག་སྟེ
དུས་ལ་སླེབས་ཚེ
གཏམ་རྒྱུད་དག་གི་རྨུ་ཐག་དུམ་བུར་ཆད་འགྲོ
སྨིག་རྒྱུ་ལྟ་བུའི་རྒྱང་རིང་གི་འབོད་པ་དག་ང་དང་འབྲེལ་བ་མེད་པ་བདེན་མོད
འུར་འུར་ལྡང་བའི་རླུང་ཆེན་འདི་དག་གིས
སུ་ཞིག་འཁུར་འགྲོ་བར་འཐོར་བའི་མིག་མཆི་དེའང
མངོན་ཆུང་གི་གསང་བ་ཞིག་ཡིན
ས་རུབ་རྗེས
རླུང་གི་ལག་པས་སྒེའུ་ཁུང་རྡུང་མགོ་བརྩམ་བྱུང
དུས་ཚིགས་འདི་སྔར་བཞིན་ང་དང་འབྲེལ་འདུག
ཁ་བ་ད་དུང་གྲང་ངར་དང་འགྲོགས་ནས་ཐོན་འོངས
网友评论