ཀ་རྩོམ་སྙིང་གཏམ་མར་ཁུ་མ།
ཀ་ཡེ་གྲོགས་པོ་ཚུར་སོན་དང་།།
ཁ་ཞེ་མེད་པའི་གཏམ་ཞིག་བཤད།།
ག་ས་གང་ནས་མི་ཐོས་པའི།།
ང་ཡི་གཏམ་འདི་སེམས་ལ་ཟོངས།།
ཅ་ཅོའི་གཏམ་ལ་ཆ་འཇོག་དབེན།།
ཆ་མེད་མི་རྗེས་འབྲང་བ་ཡི།།
ཇ་སྙིགས་ལྟ་བའི་བྱ་བའི་ལས།།
ཉ་ར་བྱེད་པའི་རིན་ཐང་དབེན།།
ཏ་ལེན་བཞིན་དུ་དྲང་གཏམ་འདི།།
ཐ་ཚིག་གཉན་པོ་སེམས་ལ་ཟོངས།།
ད་ལྟའི་དུས་བཟང་འདི་འདྲ་དཀོན།།
ན་ཡོལ་དུས་སུ་འགྱོད་པའི་གནས།།
པ་ཎཾ་དྭངས་གཙང་ལྷད་མེད་ཡིན།།
ཕ་མའི་ཁ་ཏ་དཀར་པོ་དུང་།།
བ་དཀར་ལྟ་བུའི་འཛུབ་སྟོན་དག།
མ་དོར་རང་གི་ཡིད་ལ་ཟོངས།།
ཙ་ར་རིང་གི་ཀུན་སློང་ཡིན།།
ཚ་འདྲི་བྱས་མིན་སེམས་གཏམ་ཡིན།།
ཛ་དྲག་ཆེ་བའི་སྙིགས་དུས་འདིར།།
ཝ་འབྲོས་བྱེད་པ་སྡར་མའི་རྟགས།།
ཞྭ་དཔེ་ལྷམ་འགེབས་བཅོས་མ་གཉེར།།
ཟ་ཉལ་ཙམ་ལས་རང་འདུག་བྱས།།
འ་ཅག་རང་གི་འགན་བླངས་ཏེ།།
ཡ་རབས་ལས་ལ་འབད་པར་ཤོས།།
ར་བ་གངས་རིའི་ལྗོངས་ཁམས་ན།།
ལ་ལོང་མེད་པར་འཁྱམ་པོ་མང་།།
ཤ་དང་ཁྲག་གི་འབྲེལ་མེད་ཀྱང་།།
ས་ཆ་གང་འགྲིམ་རང་ཚུགས་ཟོངས།།
ཧ་ཧ་གྲོགས་པོ་ཚུར་སོན་དང་།
ཨ་གསར་མིན་པའི་ཁ་ཏ་འདི།
ཧ་ལས་དགོས་པའི་ནང་དོན་དབེན།།
ཨ་མཚར་མིན་པར་སེམས་གཏམ་ཡིན།།
ཆོས-མྱིང་མེད།
网友评论