美文网首页
ཡང་བསྐྱར་དབྱིག་ཡིག་གི་རྒྱལ་ཁམས་འ

ཡང་བསྐྱར་དབྱིག་ཡིག་གི་རྒྱལ་ཁམས་འ

作者: SONAM0 | 来源:发表于2020-10-24 23:16 被阅读0次

    འཇང་དགུན་ཆོས་འཚོགས་པ་ལ་སོགས་པའི་རྐྱེན་བྱས་ཏེ། ཡུན་རིང་ཞིག་ལ་དབྱིན་ཡིག་སྦྱང་བར་ཤུགས་སྣོན་བྱ་མ་ཐུབ། དེ་རིང་ནས་ཡང་བསྐྱར་དབྱིན་ཡིག་ལ་འབད་འགོ་ཚུགས་ཡོད། དགེ་རྒན་ལགས་ཀྱིས་ནམ་ཞར་དབྱིག་ཡིག་གི་དེབ་ཀློག་རྒྱུ་ནི། དབྱིན་ཡིག་གི་ཤེས་ཚད་མཐོར་འདེགས་སུ་གཏོང་བའི་ཐབས་ཤེས་བླ་ན་མེད་པ་དེ་ཡིན་པར་བཤད་པས། མིང་ཚིག་བློར་འཛིན་པའི་ཕན་དུ་དབྱིན་ཡིག་གི་གཏམ་རྒྱུད་ཁ་ཤས་ཀྱང་བཙན་གྱིས་བཀླགས་ཁུལ་བྱས། རང་གི་ཤེས་ངོར་གནས་པའི་དབྱིག་ཡིག་གི་མིང་ཚིག་ནི་ཤིན་ཏུ་ཉུང་དྲག་པས་གཏམ་རྒྱུད་ཐུང་ངུ་ཞིག་བཀླགས་ཀྱང་མིང་ཚིག་གིས་མི་འདང་བའི་དཀའ་ངལ་ཆེན་པོ་འདུག དེ་བས་བྱ་ཐབས་ཟད་དེ་མིང་ཚིག་རེ་རེའི་སྦྱོར་ཀློག་དང་ནང་དོན་ཆ་ཚང་ཚིག་མཛོད་དུ་བཙལ་ཏེ། རུས་སྤལ་ནུར་འགྲོས་ཀྱི་དཔེ་བཞིན་མི་འགྲོ་ཀ་མེད་བྱུང་།  གཞན་གྱིས་སྐར་མ་ལྔའི་ཡུན་ཙམ་ལ་ཀློག་ཐུབ་པའི་གཏམ་རྒྱུད་ཐུང་ངུ་ཞིག་ནི། ང་ལ་མཚོན་ན་དུས་ཚོད་གཅིག་གཉིས་ཀྱི་ཡུན་ཚད་ངེས་པར་དགོས་སོ།། དཔེ་ཀློག་གི་གོམ་འགྲོས་ཇི་འདྲའི་དལ་ནའང་།  འཛམ་གླིང་གི་སྤྱི་སྐད་དང་པོ་སྟེ། ཆེས་སྤྱོད་སྒོ་ཆེ་བའི་དབྱིག་ཡིག་གི་དེབ་ཀློག་པའི་འགོ་བརྩམས་པ་འདི་ནི། རང་ལ་མཚོན་ན་ཆེས་དོན་སྙིང་ལྡན་པའི་འགྱུར་ལྡོག་གལ་ཆེན་ཞིག་ཏུ་སྒོམ་བཞིན་ཡོད་ལ།  མི་ཡུལ་གྱི་ངོ་མཚར་བའི་འཇིག་རྟེན་གཞན་ཞིག་འགྲིམ་པའི་སྟ་གོན་ཡང་ཡིན་ནོ།།

    相关文章

      网友评论

          本文标题:ཡང་བསྐྱར་དབྱིག་ཡིག་གི་རྒྱལ་ཁམས་འ

          本文链接:https://www.haomeiwen.com/subject/vbfgmktx.html