美文网首页
TASHI DELEK

TASHI DELEK

作者: 671869c57732 | 来源:发表于2016-01-03 09:14 被阅读0次

མན་སྤར་བོད་མི་ཁྱིམ་ཚང་ཉམ་ཐག་གཅིག་གི་གནས་སྟངས་ལ་ད་སྐབས་ཕྲན་བུ་ཡར་རྒྱས་བྱུང་བ།

༢༠༡༦ ཟླ་ ༡ ཚེས་ ༢ རེས་གཟའ་སྤེན་པ།

༄༅། །ཕྱི་ལོ་ ༢༠༡༢ ལོར་ཨ་རིའི་ནིའུ་ཡོག་ནང་གནས་སྡོད་བོད་མི་ཐུབ་བསྟན་ཤེས་རབ་ལགས་ཀྱིས་མན་སྤར་གཞིས་ཆགས་སུ་གྲོང་སྡེ་ ༥ ཁྱིམ་ཨང་ ༡༡ ནང་གནས་སྡོད་བོད་མི་ལྷག་པ་མཚམས་གཅོད་ལགས་དང་བཟའ་ཟླ་ཀུན་བཟང་དོན་གྲུབ་ལགས་གཉིས་ལ་ཕྲུ་གུ་མང་བ་དང་། ཀུན་བཟང་དོན་གྲུབ་རང་ཉིད་གཉན་ནད་རེག་དུག་གི་ན་ཚ་ HIV ཡོད་སྟབས། སྡོད་ཁང་དང་འཚོ་བའི་གནས་སྟངས་སོགས་ལ་དཀའ་ངལ་ཧ་ཅང་འཕྲད་བཞིན་ཡོད་སྐོར་གྱི་བརྙན་འཕྲིན་ཕྱོགས་སྒྲིག་གནང་བ་ཞིག་སྤྱི་ཚོགས་དྲ་ལམ་ཐོག་ཐོན་ཡོད།

འོན་ཀྱང་དེང་སྐབས་ཁོང་བཟའ་མི་གཉིས་ཀྱི་སྡོད་ཁང་ཡང་བཟོ་བཅོས་བྱས་ཏེ་འགྲིག་ཙམ་ཡོད་པ་མ་ཟད། གཉན་ནད་རེག་དུག་ HIV གི་ནད་གཞི་ཕོག་མཁན་གྱི་བོད་མི་གཞན་དང་གཅིག་མཚུངས་སུ་ཀུན་བཟང་དོན་གྲུབ་ལགས་སུའང་སྨན་བཅོས་ཐོབ་ཐང་ཡོངས་རྫོགས་ཐོབ་མུས་ཡིན་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་བསོད་ནམས་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༩ ཉིན་བཀའ་ཤག་ལ་ཕུལ་བའི་སྙན་ཞུའི་ནང་གསལ་ལྟར་ན།

གཉན་ནད་རེག་དུག་གི་ནད་གཞི་ཕོག་མཁན་གཞན་དང་གཅིག་མཚུངས་ལྟར་ཀུན་བཟང་དོན་གྲུབ་ལགས་ལ་སྨན་བཅོས་སོགས་གང་ཅིའི་ཐད་འཕྲོད་བསྟེན་ལས་ཁུངས་ནས་འབུལ་བཞིན་པ་མ་ཟད། ཁོང་གི་ཕ་ཡང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཉམས་ཐག་ཐོ་གཞུང་ནང་ཚུད་ཐོག་སྨན་བཅོས་ཐོབ་ཐང་ཆ་ཚང་རག་མུས་ཡིན། ཕྱོགས་མཚུངས་ཀུན་བཟང་དོན་གྲུབ་ཀྱི་བཟའ་ཟླ་ལྷག་པ་མཚམས་གཅོད་ལགས་ཀྱང་རྒས་གསོ་ཁང་ནང་ལས་ཀ་ཐོབ་ནས་ཟླ་རེར་གླ་ཕོགས་ཧིན་སྒོར་ ༡༤༠༠༠ ཐོབ་བཞིན་ཡོད་པར་བརྟེན། ས་གནས་མཉམ་འབྲེལ་ལས་ཁུངས་ནས་བུ་ལོན་ཧིན་སྒོར་ ༢༠༠༠༠༠ ཡོད་པ་དེ་དག་ཕྱི་ལོ་ ༢༠༡༥ ཟླ་ ༦ ནང་ཁོང་གཉིས་ཀྱིས་གཙང་གསལ་ཐུབ་པ་བྱུང་ཡོད། དེ་ཡང་ལྷག་པ་མཚམས་གཅོད་ལགས་ལ་མན་སྤར་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་ནས་ལས་ཀ་དེ་ཐོབ་ཡོད་སྐོར་སྙན་ཞུའི་ནང་འཁོད་འདུག  http://bod.asia/2016/01/མན་སྤར་བོད་མི་ཁྱིམ་ཚང་/

相关文章

  • TASHI DELEK

    མན་སྤར་བོད་མི་ཁྱིམ་ཚང་ཉམ་ཐག་གཅིག་གི་གནས་སྟངས་ལ་ད་སྐབས་ཕྲན...

  • 继承关系

    https://my.oschina.net/tashi/blog/186961 (1)子类可以继承父类的普通属性...

  • L'Eclaireur 尚我全球探店正在刷屏

    尚我APP创始人Tashi.ccho(扎西求措)为你带来巴黎潮店L'Eclaireur(全球十大买手店之一)的传奇。

网友评论

      本文标题:TASHI DELEK

      本文链接:https://www.haomeiwen.com/subject/vjbnhttx.html