美文网首页
2560-12-15

2560-12-15

作者: 2a4d567c9ec4 | 来源:发表于2017-12-15 22:40 被阅读0次

    སྣང་བའི་ཟློས་གར།

                                རྩྭ་ནག་ཡེ་བཟང་།

    སྨུག་པ་གཡུ་སྦྲང་ལྷོ་མོན་ཁུ་ཡུག་སྟེ།།

    མེ་ཏོག་སིལ་བ་ཡུལ་འདིར་སྡོད་མ་གྱུར།།

    འཆི་ཁ་ཉི་ནུབ་ཟླ་བ་མ་མཐོང་བས།།

    ཞོགས་ཀའི་སྤྲིན་གསར་སྒུག་པ་ཨ་རེ་ཤོ།།

    རྐང་རྗེས་གྲིབ་གཟུགས་རྨི་ལམ་འདས་སོང་སྐད།།

    ཉིན་མཚན་རི་རྩེ་མཚོ་གཏིང་སློག་ཀྱང་ཅི།།

    ཡང་ན་གློག་འོད་རབ་རིབ་མིག་ཆུ་བཅས།།

    གྲོང་ཁྱེད་ཆར་གྱིས་བརླན་ཡང་དཀའ་བ་རང་།།

    ལོ་ཟླ་ལོ་པཎ་ལོ་རབས་འཇའ་ཚོན་ཏེ།།

    གྲང་རླུང་ཁ་བ་ལྕང་སྡོང་ཞྭ་དཀར་མནབས།།

    ཡུལ་མི་ཡུལ་གྱལ་རྒྱང་ནས་བདེ་འཚམ་འདྲི།།

    ད་ནི་ཤིན་ཏུ་དྲན་པས་མཇལ་འདོད་གདུང་།།

    ༢༡༤༤  ༡༠    ༢༧

    སྣང་བའི་ཟློས་གར།

                                ཁྲོཾ་བརྩེ་མིག

    སྣང་བས་ལ་ལུང་བསྐོར་ནས་གང་ལ་འགྲོ།།

    གང་གི་བཞིན་རས་འཚོ་བཞིན་ཕྱོགས་བཞིར་ལྟ།།

    ཟླ་བའི་མིག་མདངས་འདྲ་བའི་ཟུར་མིག་དེ།།

    སྣང་བས་དེད་དེ་སེམས་པའི་གསང་ལ་འཛུལ།།

    དར་དཀར་ཡོལ་བས་དཀྲིས་པའི་ལུས་ཟུང་དེ།།

    མཇལ་ན་ཡིད་ལ་ཤེས་བྱའི་ཚན་ཁ་འབར།།

    མྱོང་ན་བདེ་དགའི་དཔལ་ལ་ལོངས་སུ་བཀོད།།

    བསམ་ན་ཡེ་ཤེས་དབྱིངས་ལ་བྱང་ཆུབ་ཐོབ།།

    ཆོས་ཀུན་ངག་ལ་རྫོགས་པའི་གང་གསུང་དེ།

    ཉན་ན་རྣ་དབང་འཕྲོག་པའི་དབྱངས་ཀྱིས་སྤུད།།

    རྒྱུད་དྲུག་སྐུད་ལ་དྲང་ན་ཉོན་ཀུན་སེལ།།

    ངག་དབང་ན་ཆུང་སྒེག་མོ་སྣང་བའི་གར།།

    ཐ་མར་གཟུགས་སུ་སྤྲུལ་ནས་བདག་སར་བྱོན།།

    བདག་གི་རྒྱུད་དྲུག་དབྱངས་ལ་ཉེ་བར་བྱོན།།

    ཐ་ལ་སྣང་ཞེན་བཟློག་ལ་ཤེས་རབ་སྩོལ།།

    རིང་ནས་བརྩེེ་བའི་ལྷ་མོ་མྱུར་བར་བྱོན།།

    ༢༡༤༤  ༡༠    ༢༧

    སྣང་བའི་ཟློས་གར།

                                ལྡོང་ལྷ་ཆབ།

    སྣང་བ་འཇའ་ཡི་གསེབ་དུ་ཡིབ་པ་འདྲ།།

    འཚོ་བ་ལུས་ལ་ཟེགས་ཏེ་འགྲོགས་པ་འདྲ།།

    སྣང་བ་ཡུལ་ལ་ཡན་པའི་བར་གསེང་དེར།།

    རྒྱང་བཞད་མི་དེའི་དྲི་ཞིམ་ལུས་ལ་བཀྲ།།

    མི་དེའི་མིག་མདངས་ཡུལ་གྱི་གྲིབ་མར་བསྐྱོན།།

    གྲིབ་མ་རབ་རིབ་ནམ་མཁའི་མཐའ་ལ་འདྲེས།།

    ང་ནི་སྨྲེ་ངག་ཁུར་པའི་བྱེ་འུ་བཞིན།།

    མཁའ་ནས་སྦྲང་ཆར་གཏོར་འདྲ་ས་ལ་བབ།།

    ཁྱེད་ཉིད་སེམས་ཀྱིས་མ་རྙེད་ལས་ཀྱིས་འཚོལ།།

    ཁྱེད་རང་ལུས་ཀྱི་མ་བཙལ་ཚོར་བས་རྙེད།།

    ཁྱེད་ནི་རི་ཆུ་སྟོང་གི་ཕ་རོལ་ནས།།

    ང་ལ་ཀུ་རེ་བསྩལ་བའི་རྩེ་རོགས་ཡིན།།

    ལོ་ཟླའི་གསང་བའི་ཀློང་ན་ཆང་གཞས་ཤིག།

    ཤག་ཤག་ཆུ་བོའི་རྒྱུན་ན་སྦྲང་མ་ཞིག།

    ཁྱེད་ཉིད་སྒུར་ཏེ་མ་འདུག་སྤྲོ་བས་འཛུམ།།

    ང་ཡི་མི་ཚེ་ཁྱེད་ཀྱི་གཤིས་སུ་གྲུབ།།   

    ༢༡༤༤  ༡༠    ༢༧

    美篇

    相关文章

      网友评论

          本文标题:2560-12-15

          本文链接:https://www.haomeiwen.com/subject/vndjwxtx.html