རི་ལུང་གངས་ཀྱིས་བཟུང་ཞིང་།།
གངས་ལ་ཉི་འོད་འཁྱིལ་བའི།།
གངས་ཅན་ཁ་བའི་ཡུལ་ལྗོངས།།
དབེན་གནས་དབེན་གནས་
འཛམ་གླིང་ཞི་བདེའི་ཕ་ས།།
ངུར་སྨྲིག་འདབ་གཤོག་རྒྱས་པའི།།
བཀའ་བརྒྱུད་གྲུབ་པའི་ཁྱུ་ཚོག།
མཁའ་ལ་འཕུར་ལྡིང་བྱེད་ས།།
འབྲུག་ལུང་དབེན་པའི་ཡང་རྩེ།།
གུ་ཡངས་བག་ཕེབས་ངང་ནས།།
ལྷིང་འཇགས་འཚོ་བ་རོལ་ས།།
ལྷ་ལུང་དབེན་པའི་གནས་མཆོག།
ང་ཡི་གཞིས་ཁྱིམ་དྲོན་མོ།།
གདོང་ལ་འཛུམ་མདངས་རྒྱས་ཤིང་།།
སེམས་ལ་བྱམས་བརྩེས་ཕྱུག་པའི།།
སྔོན་ཐོན་མིའི་ཡི་ཡང་རྩེ།།
དབེན་གནས་འདིར་རུ་ཡོད་དོ།།
མྱི་ཀླད་ཀོར་གྱིས།
网友评论