——མྱི་སྨྱོན།
ལོ་དང་ཟླ་ཚེས་ཇི་ལྟར་མ་ནོར་བ།།
དུས་དང་བསྐལ་བ་ཇི་བཞིན་མ་རྫོགས་པ།།
ལུགས་དང་ལམ་སྲོད་རང་གི་མ་ཤེས་པ།།
བསིལ་ལྡན་ལྗོངས་ནས་ཁྱེད་རང་གྲགས་ཆེ་བ།།
རང་གི་དུས་སྟོན་གཅིག་ཀྱང་མ་རོལ་བ།།
ཐ་ན་ཕ་མའི་སྐྱེས་སྐར་ཡིན་ཡང་མི་ཤེས་པ།།
རང་ལུགས་གཞན་དུ་ལྟ་བ་མང་ཆེ་བ།།
བསམ་ཞིང་སེམས་ཀྱི་ན་ཟུག་ཤུན་ཏུ་ཆེ།།
网友评论