དོ་དགོང་གྲོགས་པོ་ཞིག་དགོངས་ཟས་ཟ་བར་བོས་ཡོད། ཟ་མ་བཟང་རྒྱུ་མེད་ནའང་རང་ཉིད་ཀྱི་ཆེས་བཟང་བའི་ལག་ཟས་འཐེན་ཐུག་ཅིག་བཟོ་རྩིས་ཡིན། ཁོམ་ལོང་གི་དབང་གིས་འཐེན་ཐུག་ཙམ་མ་གཏོགས་ཁ་ཟས་གཞན་ཞིག་འགྲུབ་ས་མ་རེད། རྒྱུན་ལྡན་འགྲོགས་འདྲིས་ཆེ་བའི་གྲོགས་པོ་ཞིག་ཡིན་པས་མགྲོན་པོ་གསར་བ་ཞིག་སླེབས་པ་ལྟ་བུའི་དེ་འདྲའི་གྲ་སྒྲིག་འདྲ་མིན་དེ་འདྲ་ཡང་དགོས་དོན་མེད། ཁོས་ཀྱང་ངའི་ལག་ཟས་མཆོག་གྱུར་འཐེན་ཐུག་འཐུང་ན་བསམ་ཟེར་བས་དེ་དེ་བཞིན་དུ་བགྱིའོ།། སྤྱིར་ཡིན་ན་དོ་དགོང་བརྗོད་གཞི་གཞན་ཞིག་འབྲི་བསམ་ཡོད་མོད། དུས་ཚོད་མེད་པ་འདྲ། གལ་སྲིད་གྲོགས་པོ་སོང་རྗེས་སུ་ཁོམ་གླགས་རེ་བྱུང་ན་སྐབས་དེར་བྲིས་ཀྱང་ཆོག ད་དེ་ཙམ་བྱ། ཞིམ་མངར་ལྡན་པའི་འཐེན་ཐུག་ཅིག་བསྐོལ་དུ་བུད་འགྲོ།
网友评论