美文网首页
དགའ་མོས་རྩ་དོན།

དགའ་མོས་རྩ་དོན།

作者: SONAM0 | 来源:发表于2020-11-23 23:53 被阅读0次

    བཞི་བ། “དགོས་མོས་རྩ་དོན་”ཞེས་པ། སྐབས་འགར་ང་ཚོ་རང་གི་དགའ་ཕྱོགས་ཀྱི་དབང་དུ་ཤོར་ཏེ། དོན་དངོས་པོའི་གནས་སྟངས་ལ་བརྟག་དཔྱད་པ་བྱེད་པའི་བློ་མིག་ལྡོངས་འགྲོ་བའི་ངང་ཚུལ་དེ་ལ་ཟེར།  དཔེར་ན་རང་ཉིད་ཀྱིས་དགའ་མོས་བྱ་སའི་མི་ཚོའི་སྐད་ཆ་དང་བསམ་ཚུལ། བྱ་སྤྱོད་སོགས་རིགས་གང་ཞིག་ཡིན་ནའང་ཡིད་དུ་འོང་ཞིང་དང་ལེན་བྱེད་སླ་ལ། གཞན་དག་གིས་རྣམ་འགྱུར་ཇི་འདྲ་བཟང་བོ་བསྟན་ཀྱང་དེ་ཙམ་བློ་ཡུལ་དུ་མི་འགྲོ་བ་ལྟ་བུའོ།།  དེང་སྐབས་གླུ་བ་གླུ་མ་མིང་གྲགས་ཅན་ཚོས་ཚོང་རྫས་སྣ་ཚོགས་མཚམས་སྦྱོར་བྱེད་པ་དང་དང་ཚོང་འཕྲིན་མང་བོ་སྤེལ་བཞིན་པ་དེ་ཡང་མི་རྣམས་ཀྱི་དགའ་མོས་རྩ་དོན་བེད་སྤྱད་ནས། ཚོང་བ་ཉམས་མྱོང་ཅན་ཚོའི་ཁེ་ལས་གཉེར་སྟངས་ཀྱི་ཐབས་རྩལ་ཁྱད་པར་བ་ཞིག་ཆགས་ཡོད། དེ་ནི་མང་ཚོགས་དང་འཛད་སྤྱོད་པ་ཚོར་བསླུ་བྲིད་གཏོང་སྟངས་རིགས་ཤིག་ཀྱང་ཆགས་ཡོད་པ་རེད། རྒྱུ་མཚན་འཛད་སྤྱོད་པ་ཚོས་རང་ཉིད་དགའ་སའི་གླུ་བ་ཚོས་ཚོང་རྫས་གང་ཞིག་ཁྱབ་བསྒྲགས་བྱེད་བཞིན་པ་མཐོང་ན། དེ་མ་ཐག་རང་བཞིན་གྱིས་ཚོང་རྫས་དེ་ཉིད་ཚད་ལྡན་ཞིག་དང་སྤུས་དག་ཅིག་ཡིན་སྣང་གིས་མངགས་ཉོ་བྱས་འགྲོ་ལ། དེ་ཡང་མཐར་ཐུག་ན་སྐབས་དེར་ཕ་རོལ་བོར་དགའ་མོས་ཆེ་བའི་སྣང་བ་དེས་བསླུས་ཏེ། ཚོང་རྫས་དག་རྫུན་གྱི་ཁྱད་པར་ཙམ་ལ་ཡང་ཐེ་གཏོགས་མི་བྱེད་པ་ཡིན།  དེས་ན་ནམ་རྒྱུན་གཞན་གྱིས་ཁྱེད་རང་གི་དགའ་ཕྱོགས་ཉི་ཚེ་བ་དེ་བེད་སྤྱད་ནས་ཁྱེད་རང་ཁོ་ཚོའི་ཚོང་ལས་ཀྱི་ལག་ཆ་དང་གཡོ་འཕྲུལ་གྱི་ཤོ་རྡེའུ་རུ་བསྒྱུར་བཞིན་ཡོད་མེད་ལ་ཡང་ཤིན་ཏུ་གཟབ་ཤེས་དགོས་པ་ཡིན་ནོ།། མ་གཏོགས་དེང་སྐབས་ཀྱི་དུས་སྐབས་འདིར་རང་ཉིད་ཇི་ལྟར་གཞན་གྱི་རྩེད་ཆས་སུ་འགྱུར་བཞིན་ཡོད་པ་ཡང་ཤེས་དཀའོ།།

    相关文章

      网友评论

          本文标题:དགའ་མོས་རྩ་དོན།

          本文链接:https://www.haomeiwen.com/subject/wdmbiktx.html