美文网首页
བརྩོན་འགྲུས་ཀྱི་རྟ་ཕོར་བཞོན་འདོད

བརྩོན་འགྲུས་ཀྱི་རྟ་ཕོར་བཞོན་འདོད

作者: SONAM0 | 来源:发表于2020-12-24 23:50 被阅读0次

    དེ་རིང་དབྱིན་ཡིག་གི་སློབ་ཁྲིད་ལ་ཞུགས་པ་ན། སློབ་མ་གཞན་ཚང་མ་དོན་དག་ག་གེ་མོའི་དབང་གིས་ཡོང་ཐུབ་མེད་པས། ང་གཅིག་པོས་དགེ་རྒན་ལན་བརྒྱབ་ཏེ་ཕར་སྣེ་ཕུད་པ་ཡིན། སློབ་མ་གཞན་དག་ཡོད་རྒྱུ་ན་དྲི་བ་ཡོད་ཚད་ལ་ང་གཅིག་པོས་ལན་ཆལ་ཆོལ་ཞིག་རྒྱག་ཨེ་ཐུབ་ལ་འབད་དགོས་པའི་དཀའ་ལས་མེད་ནའང་། དེ་རིང་ལྟོས་དབང་ཞིག་གིས་དྲི་བ་ཡོད་ཚད་ངའི་མགོར་ལྷུང་སོང་། ཤེས་ཚོད་ཀྱིས་ཧུར་ཐག་བྱས་པ་ཡིན།  བར་སྐབས་ཤིག་ལ་སློབ་ཚན་དག་ཀྱང་ཁོ་བོ་གཅིག་པོས་དབྱིན་སྐད་ལམ་ནས་སྐྱོར་དགོས་ཐུག་པས་འཚབ་སྣང་ཞིག་ཀྱང་བྱུང་སོང་། རེད་དེ་ཅི་ཡང་མིན་མདོག་གིས་སྤོབས་པ་བསྐྱེད། ཕྱོགས་གཞན་ཞིག་བསམ་ན་དུས་ཚོད་གཅིག་རིང་གི་སློབ་ཁྲིད་ཀྱི་ནང་དོན་ཡོད་ཚད་དགེ་རྒན་ལགས་ཀྱིས་རང་གཅིག་པོ་ལ་ཁ་གཏེད་དེ་ཁྲིད་པས། རང་ངོས་ནས་བཤད་ན་འདི་ནི་ཆེས་ཐོབ་དཀའ་བའི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩི་ཆོག་ཆོག་རེད། གོ་སྐབས་འདི་འདྲའི་རང་ལ་ཐུན་མིན་གྱི་སྦྱོང་བརྡར་མ་འདྲ་བ་ཞིག་ཐོབ་ངེས་པ་ཡང་བཤད་མ་དགོས་པས་བསོད་ནམས་ཆེ་བ་ལའོ།། ཡིན་ཡང་ནང་དོན་ཁ་ཤས་དགེ་རྒན་གྱིས་ཡང་དང་བསྐྱར་དུ་ཁྲིད་པས་ཀྱང་དེ་ཙམ་མགོ་མ་ཚོས་པས། སྐབས་དེར་རང་ལ་ངོ་གནོང་བ་དང་རང་ནི་ཇི་འདྲའི་དབང་རྟུལ་ཞིག་ཡིན་ལ་སྙམ་པའི་ཡིད་ཆད་ཀྱི་ཚོར་བ་ཡང་བྱུང་། སྤྱིར་འཆར་སྒོ་ཡངས་ལ་རིག་པ་མྱུར་འདོད་ཀྱི་སྣང་བ་ཆེ་ཙམ་ཡོད་མོད། དེ་རིང་སྣང་ཚུལ་དེ་ནི། རང་རློམ་གྱིས་བསླུས་པའི་འཁྲུལ་སྣང་འབའ་ཞིག་ལས་ཅི་ཡང་མིན་པ་མངོན་གསལ་དོད་པོས་ལྷང་ལ་ཕུད། དེ་བས་སྐྱོན་ངོས་ལེན་དང་རང་ངོ་ཟིན་པ་བྱས་ཏེ། མ་འོངས་པར་ཤེས་རབ་གཅིག་མཐའ་ཆོད་འདོད་ཀྱིས་སྣང་བ་དེ་ཡོངས་སུ་དོར་ནས། བརྩོན་འགྲུས་ཀྱི་རྟ་ཕོར་གུས་རྟག་ཀྱི་སྦྱོར་བས་ཤུགས་ཀྱིས་བྲབ་དགོས་ཡོད་དོ།།

    相关文章

      网友评论

          本文标题:བརྩོན་འགྲུས་ཀྱི་རྟ་ཕོར་བཞོན་འདོད

          本文链接:https://www.haomeiwen.com/subject/wnnvnktx.html