美文网首页
གཞན་ངོ་མི་སྲུང་བའི་སྤོབས་པ།

གཞན་ངོ་མི་སྲུང་བའི་སྤོབས་པ།

作者: SONAM0 | 来源:发表于2021-01-13 23:57 被阅读0次

    ཚན་པ། དགུ་བ།

    སྡུག་བསྔལ་ཡོད་ཚད་འགྲན་སེམས་ཀྱིས་བསྐྱེད་པའི་སྤྱི་ཚོགས་འབྲེལ་འདྲིས་ལ་བརྟེན་ནས་བྱུང་བ་ཟད་རང་རང་སོ་སོའི་རྩ་དོན་ནམ་འགན་འཁྲི་དབྱེ་འབྱེད་ཡག་པོ་བྱེད་མ་ཤེས་པ་དེ་ཡང་། སྡུག་བསྔལ་གྱི་སྣ་འདྲེན་དང་རྩ་བ་ལྟ་བུ་ཡིན་པར་བརྗོད། རྩ་དོན་དབྱེ་འབྱེད་པ་ཞེས་པ་དེ། གང་ཞིག་རང་ཉིད་ཀྱི་བསྒྲུབ་བྱའི་དོན་ཡིན་པ་དང་། གང་ཞིག་ལ་རང་ཉིད་ཀྱིས་ཐེ་གཏོགས་བྱ་མི་རིགས་པའི་ཁྱད་པར་གསལ་བོར་འབྱེད་ཤེས་རྒྱུ་དེ་རེད། དཔེར་ན་ཕ་རོལ་བ་གང་ཞིག་ལ་ཡིད་ཆེས་བྱ་མིན་དེ་རང་ཉིད་ཀྱི་རྩ་དོན་ཡིན་པ་དང་། གལ་སྲིད་གཞན་ལ་ཡིད་ཆེས་བྱས་ཚར་ན། གཞན་གྱིས་ཕྱིར་ཁྱེད་ལ་ཡིད་ཆེས་བྱ་མིན་དེ་གཞན་ཁོ་རང་གི་རྩ་དོན་ཡིན་པས་ཁྱོད་དེ་དང་འབྲེལ་བ་མེད་ཅིང་། ཁྱེད་ཀྱིས་དེ་ལ་ཐེ་གཏོགས་དང་ཁ་ཡ་གང་ཡང་བྱ་མི་རིགས། གལ་སྲིད་གཞན་གྱིས་ཕྱིར་ཁྱེད་ལ་ལྟ་ཚུལ་གང་ཞིག་འཛིན་མིན་ལ་ཇུས་གཏོགས་བྱས་ཚར་ན། གཞན་གྱི་རྩ་དོན་ལ་ཁྱེད་ཀྱིས་ཇུས་མེད་ཇུས་གཏོགས་བྱས་པ་ཡིན་པས། སྡུག་བསྔལ་སྣ་ཚོགས་ཀྱི་ཁ་ཕྱེས་པ་ཡིན་ནོ།། སྡུག་བསྔལ་ཡོད་ཚད་ཀྱང་འདི་ལྟར་ཕན་ཚུན་གྱི་རྩ་དོན་སོ་སོར་བགར་མ་ཤེས་པ་དང་། གང་ཞིག་ལ་ཇུས་གཏོགས་བྱ་མི་རིགས་པའི་ཁྱད་པར་དེ་ཧ་མ་གོ་བས་བྱུང་བ་ཤ་སྟག་གོ། དེ་བཞིན་དུ་ཁྱེད་ཀྱིས་གཞན་ལ་ཕན་པ་སྒྲུབ་མིན་དང་རོགས་འདེགས་བྱ་མིན་ནི་ཁྱེད་རང་གི་རྩ་དོན་ཡིན་ལ། འོན་ཀྱང་གཞན་གྱིས་ཕྱིར་ཁྱེད་ལ་ཕན་འདོགས་མིན་ནི། གཞན་ཁོ་རང་གི་རྩ་དོན་ཡིན་པས། ཁྱེད་ཀྱིས་དེ་ལ་རེ་ལྟོས་དང་ཁ་ཡ་གང་ཡང་བྱ་མི་རིགས། གལ་སྲིད་དེ་ལ་ཐེ་གཏོགས་བྱས་པ་ནས། རྩོ་དོན་མཉམ་བསྲེས་ཀྱི་གནད་དོན་བྱུང་བ་ཡིན་པས། ཡང་བསྐྱར་སྡུག་བསྔལ་གྱི་འཁོར་ལོ་འཁོར་བ་ནི། ཆོས་ཉིད་དོ།།

    相关文章

      网友评论

          本文标题:གཞན་ངོ་མི་སྲུང་བའི་སྤོབས་པ།

          本文链接:https://www.haomeiwen.com/subject/wvrmaktx.html