******རླུང་བུ་ལ་སུན་སྣང་སྐྱེས་ཤིང
ཁ་བ་ལ་རེ་སྒུག་བྱེད་པའི་ངའི
དོ་དགོང་གི་རྒྱུ་སྐར་གྱི་ཁྲོད་ན
སྐར་མ་བརྩི་བཞིན་ཁྱེད་རང་དྲན་བཞིན་ཡོད
འདས་སོང་གི་ལོ་རྒྱུས་ཁྲོད་ཀྱི་དྲི་མ་མ་གོས་པའི
ཁྱེད་ཀྱི་འཛུམ་མདངས་དེ་དག་ལྷག་དུ་དྲན་བྱུང
ལོ་གསར་གྱི་དུས་ཚོད་ལ
སྐྱེ་བུ་གང་ཞིག་ཡིན་རུང
སྤྲོ་བ་ལས་སྐྱོ་བ་མེད་པ་ཁོ་ཐག་ཡིན་རུང
ངའི་དམར་ཆུང་གི་སེམས་ཁོང་ན
ཁྱེད་ཀྱི་དགའ་སྐྱོ་ཆགས་སྡུང་གི་གྲུབ་པའི་བཞིན་རུས་དང
བཅོས་མ་མིན་པའི་འཛུམ་མདངས་དག་དྲན་བཞིན་ཡོད
ངའི་ལན་རེར
རང་ཉིད་བྱེའུ་ཡི་གཟིགས་སུ་བཀོད་ནས
དམར་ཆུང་གི་སེམས་པ་དེ་ཁྱེད་ཀྱི་གམ་དུ་གཅར་མྱོང་བ
སུ་ཡི་ཚོར
གང་གིས་ཤེས
སྦྲ---མེ་ལྕེ།
༢༠༡༧-༡-༣༠
网友评论