美文网首页
དགའ་ལྡན་ལྔ་མཆོད།

དགའ་ལྡན་ལྔ་མཆོད།

作者: 浪子836 | 来源:发表于2016-12-22 18:02 被阅读0次

    པ་རྣམ།App

    སང་ཉིན་ནི་དགེ་ལྡན་ལྔ་མཆོད་ཡིན། དགེ་ལྡན་ལྔ་མཆོད་ནི་རི་བོ་དགེ་ལུགས་པའི་ཆོས་བརྒྱུད་སྲོལ་གཏོད་གནང་མཁན་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་དུས་དྲན་གྱི་ཉིན་མོ་ཡིན་ཞིང་། ཁོང་ནི་རབ་བྱུང་དྲུག་པའི་མེ་བྱ་ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས། དགོང་ལོ་བདུན་ལ་རབ་ཏུ་བྱུང་བ་དང༌། བཅུ་དྲུག་ལ་དབུས་སུ་ཕེབས། རིས་སུ་མ་ཕྱེད་པའི་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐིལ་ཕྱིན་པ་མཛད་དེ་མཁས་གྲུབ་གཉིས་ལྡན་གྱི་གོ་སར་གཤེགས།

    པ་རྣམ།App

    དགའ་ལྡན་དང་བདེ་ཆེན་གསང་སྔགས་མཁར་ཕྱག་བཏབ། སེར་འབྲས་དང་རྒྱུད་གྲྭ་སྟོད་སྨད་འཛུགས་པའི་བཀོད་པ་མཛད། ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་སོགས་བསྟན་བཅོས་དུ་མ་མཛད། རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ། རྗེ་དགེ་འདུན་གྲུབ་སོགས་ཐུགས་སྲས་དམ་པ་མང་དུ་བསྐྲུན་ཏེ་རྒྱལ་བའི་བསྟན་པ་ལ་སྲི་ཞུ་རླབས་པོ་མཛད་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན། དེས་ན་ཁོང་ལྟ་བུའི་སྐྱེས་བུ་དམ་པ་ཞིག་གི་དགོངས་རྫོགས་ཀྱི་དུས་དྲན་ཁྱད་པར་ཅན་འདིར་ཀུན་སློང་བཟང་པོ་ཞིག་འཁྱེར་ཏེ་མཆོད་མཇལ་ལ་འགྲོ་བ་ཙམ་དུ་མ་ཟད་བསྙེན་གནས་ཀྱི་སྡོམ་པ་ལེན་པ་དང་། བླ་མ་དགེ་བའི་བཤེས་རྣམས་ཀྱི་སྐུ་མདུན་ནས་བླང་དོར་ལམ་སྟོན་གྱི་ཞལ་གདམས་རེ་ཉན་ཐུབ་པ་བྱས་ཏེ་རང་གི་རྒྱུད་ལ་དགེ་སྡིག་གི་གནད་ངོས་ཟིན་པའི་གོ་རྟོགས་ཤིག་འཇོག་ནུས་པ་སོགས་བྱུང་ན་རབ་ཡིན་ལ། དེ་བཞིན་མ་བྱུང་ན་ཡང་དུས་བཟང་ཁྱད་པར་ཅན་འདིར་ལེགས་ཉེས་གང་བྱས་ཀྱང་རྣམ་ཀུན་ལས་སྟོབས་ཆེ་བ་ངོས་འཛིན་ཐུབ་པ་བྱས་ཏེ་ཤ་ཆང་སྤངས་ནས་ཆོས་མཐུན་གྱི་ཁ་ཟས་ལ་ལོངས་སྤྱོད་རྒྱུ་དང་། རང་གི་ཁྱིམ་ནས་ཅི་འབྱོར་གྱི་མཆོད་པ་རྣམ་དག་རེ་ཕུལ་སྟེ་ཁ་འདོན་དགེ་སྦྱོར་ཅི་རིགས་ལ་ཞེ་ཐག་པ་ནས་འབུང་ཐུབ་པ་ཞིག་བྱུང་ན་ཕྲལ་ཕུགས་ཀུན་ཏུ་བདེ་བའི་རྒྱུར་གྱུར་བ་སྨྲོས་མ་དགོས་སོ།།།།།

    པ་རྣམ།App

    相关文章

      网友评论

          本文标题:དགའ་ལྡན་ལྔ་མཆོད།

          本文链接:https://www.haomeiwen.com/subject/xidhvttx.html