美文网首页
དོན་དངོས་དགའ་ཕྱོགས་ཞེས་པ་དེ་ཇི་ལ

དོན་དངོས་དགའ་ཕྱོགས་ཞེས་པ་དེ་ཇི་ལ

作者: SONAM0 | 来源:发表于2021-01-18 23:58 被阅读0次

    བདག་ཡིག་གཟིགས་ཀྱི་སྐོར་ལ་ཅུང་དགའ་ཞེན་ཡོད་པ་འདྲ། ལྷག་པར་འབུ་མེད་འཁྲུག་ཡིག་ལ་དེ་ལས་ཀྱང་དུང་ཤ་ཆེ་སྣང་ཤར་ཡོང་། འབུ་མེད་འཁྲིག་ཡིག་ཆལ་ཆོལ་ཞིག་འབྲི་ཁུལ་བྱས་ཏེ། དུས་ཚོད་གཅིག་གཉིས་ཤིག་ཇི་ལྟར་སོང་བ་མ་ཤེས། སྔོན་ཏག་ཏག་ལ་མཚམས་བཞག་པ་ན། དུས་ཚོད་བཅུ་གཅིག་ཕྱེད་ཀར་སླེབས་ཚར་འདུག ནམ་རྒྱུན་བཤད་སྲོད་ཅིག་ལ་དུས་ཚོད་ཀྱི་བཞུར་རྒྱུན་མི་ཚོར་བའི་གནས་དེ་ནི། ཁྱེད་རང་ཆེས་དུང་སའི་ཡུལ་དེའོ་ཞེས་པའི་ལབ་སྟངས་དེ་ལ་གཞིར་བཅོལ་ན། ཡིག་གཟིགས་འབྲི་བར་ཅུང་དགའ་ཞེན་ཡོད་པ་མཚོན་ཐུབ། འོན་ཀྱང་འདི་ནི་གནས་སྐབས་ཙམ་གྱི་སྣང་ཚུལ་ཙམ་ཡིན་པས། རྒྱུན་རིང་བོ་མཐུད་ན་ད་དུང་དུས་ཚོད་ཀྱི་ཐག་སྒྲ་མི་ཚོར་བར་ལུས་སེམས་ཡོད་ཚད་དེ་གའི་དབང་དུ་གཏོང་ཐུབ་མིན་བཤད་དཀའོ།། གལ་སྲིད་རྒྱུན་རིང་བའི་གྲོགས་འདྲིས་ཀྱི་ཁྲོད་ནས་སྔར་བཞིན་ཡིད་ཐང་མ་ཆད་པར་དགའ་དད་སྤྲོ་གསུམ་གྱི་ཡོ་ལང་རྣམ་པར་རྒྱས་ཏེ། ཉི་མའི་འཆར་ནུབ་ཀྱང་མི་ཚོར་བའི་ངང་ན་འཐིམས་ནུས་ན། དེ་ནས་དོན་དངོས་ཀྱི་དགའ་ཕྱོགས་ཡིན་པར་ངོས་བཟུང་ཆོག་ནའང་། ཡིག་གཟིགས་ནི་ཁོ་བོའི་ཡིད་སེམས་རྟག་ཏུ་གཡོ་བར་བྱེད་པའི་ཡིད་འགུག་ཆང་གི་བཟི་ཁ་ཡིན་མིན། ད་དུང་ཡུན་གྱིས་དཔྱད་དགོས་སོ།།

    相关文章

      网友评论

          本文标题:དོན་དངོས་དགའ་ཕྱོགས་ཞེས་པ་དེ་ཇི་ལ

          本文链接:https://www.haomeiwen.com/subject/xuifzktx.html