ཁ་སང་དགེ་རྒན་གྱིས་དབྱིག་ཡིག་གི་ལས་བྱ་ལ་“མ་འོངས་པའི་རང་གི་ཕུགས་བསམ་”ཞེས་པ་ཁ་བྱང་དུ་བཟུང་སྟེ་རྩོམ་ཐུང་ཞིག་ཕྲིས་ཟེར། བོད་ཡིག་གི་ལམ་ནས་འབྲི་སླ་ལ་དོན་ཡང་ཡོད་ཚད་བརྗོད་ཐུབ་མོད། དབྱིག་ཡིག་གི་ཚིག་སྦྱོར་སྤེལ་སྟངས་མི་ཤེས་པ་དང་། མང་ཚིག་གིས་མི་འདང་བ་སོགས་ཀྱི་རྐྱེན་གྱིས་འབྲི་བསམ་རུང་ཡིད་ལ་གར་ཤར་བ་དེ་འབྲི་ཐབས་མི་འདུག དཔེར་ན་མ་འོངས་པར་གནའ་དེང་ཟུང་འབྲེལ་གྱི་ལམ་ནས་མི་རིགས་གཞན་ལ་ནང་ཆོས་ཀྱི་རིན་ཐང་ལྡན་པའི་ལྟ་གྲུབ་དག་ངོ་སྤྲོད་བྱ་མཁན་བཟང་བོ་ཞིག་ཏུ་འགྱུར་རྒྱུ་དེ། རང་གི་ཆེས་མཐར་ཐུག་པའི་རྨི་ལམ་ཡིན་ལ་ཡིན་ལ། ཚིག་རྐང་འདི་ཙམ་པོ་དབྱིག་ཡིག་གིས་བཤད་དགོས་ནའང་དེ་ནི་མགོ་ཉོག་བྱེད་རང་ངོ་།། གཞན་རང་གི་དབྱིག་ཡིག་གི་ཤེས་ཚད་ལ་དཔག་པའི་ཚོད་ཙམ་འབྲི་ཁུལ་བྱས་ན་དེས་ནི་བསམ་ངོའི་ཕུགས་འདུན་དངོས་དེ་གང་ཡིན་ཆ་ཚང་བ་ཞིག་ཡོང་ཐབས་བྲལ། དོན་གནད་གཙོ་བོ་དེ་ཡང་མི་ཕྲིས་པ་ལྟ་བུ་རེད། དེ་ལྟར་ན་ད་ནི་རང་གིས་གང་གླེང་འདོད་པ་དེ་འབྲི་མི་ནུས་པར་མི་འདོད་པའི་ཚིག་རྐང་ཁ་ཤས་ཕྱིར་གཡུགས་པ་ལས་བྱ་ཐབས་མི་འདུག འདི་ཡང་དབྱིག་ཡིག་སློབ་གཉེར་ཁྲོད་ཀྱི་ན་ཟུག་དང་སྐྱོ་ཡུས་སོ།།
网友评论