ལོ་གསར་སྨོན་ཚིག།
༄༅། ། ཤར་བྱུང་།།
བོད་ས་ཁྱི་ལོའི་བཀྲིས་ཀྱི་ཉི་མ།།
འཛམ་གླིང་བཞི་བདེར་གནས་པའི་རྟ་བདུན།།
རྒྱལ་ཁམས་བདེ་སྐྱིད་ཡོང་བའི་ཚ་ཟེར།།
སྟོབས་འབྱོར་མངའ་ཐང་རྒྱས་པའི་པདྨའི་གཉེན་དེ་འཆར་བྱུང་།།
འཕྲོད་བྱུང་།།
འགྲེས་སོང་སྐུ་གཟུགས་སྲ་ལས་བརྟན་པའི་འོད་ཟེར།།
དར་མ་འབྱོན་ཐང་ནམ་མཁར་འཕུར་བའི་འོད་ཟེར།།
གཞོན་ནུ་རྟོགས་པ་ལྷ་ལ་འགྲན་་པའི་འོད་ཟེར།།
བྱིས་པ་ཚར་ལོངས་པདྨ་བཞད་པའི་འོད་ཟེར་དེ་འཕྲོད་བྱུང་།།
ཐོབ་བྱུང་།
ས་ལ་ལོ་ལེགས་ཡོང་བའི་བདེ་སྐྱིད།།
ཆར་ཆུ་དུས་སུ་བབས་པའི་བདེ་སྐྱིད།།
མི་ལ་བསོད་ནམས་འཕེལ་བའི་བདེ་སྐྱིད།།
ཕྱུག་ལ་གཡང་ཆག་འཕེལ་བའི་བདེ་སྐྱིད།།
ཁྱིམ་ཚང་འཆམ་མཐུན་ཡོང་བའི་བདེ་སྐྱིད་དེ་ཐོབ་བྱུང་།།
མདོར་ན།།
གསོལ་ལོ་གསོལ་ལོ་ལྷ་རྒྱལ་ལོ།
བཀྲིས་བདེཊ་ཕུན་སུམ་ཚོགས།
ཨ་མ་བག་གྲོ་སྐུ་ཁམས་བཟང་།
བརྟན་དུ་བདེ་བ་ཐོབ་པར་ཤོག །
སམ་ཡུལ་ཐུབསྟན་ཚེ་རིང་ནས།།
ལོ་གསར་སྨོན་ཚིག།
网友评论