美文网首页
༄༅། །ཁེར་ལབ།

༄༅། །ཁེར་ལབ།

作者: 尕藏拉毛 | 来源:发表于2017-09-25 16:44 被阅读0次
    ༄༅། །ཁེར་ལབ།

    མི་ཚོགས་ཀྱི་ཁ་རླངས་སྐྱུར་བོ།།

    ཁ་ངོ་ཡི་ཁུགས་སོར་འཐིབས་དུས།།

    ཡ་ཁོག་གི་གློ་སྙིང་མཆིན་གསུམ།།

    མ་བཅད་ཀྱང་བཅད་དང་འདྲ་སོང་།།

    རང་སེམས་ལ་སྡུག་ཅིག་འཁྱིལ་དུས།།

    ཆུང་མ་ཡི་སྙིང་གཏམ་མ་གཏོགས།།

    ཨ་གསར་གྱི་ཁ་སྟབས་ཆེ་བའི།།

    ཉེ་རིང་ཚོ་གང་དུ་བཞུགས་སམ།།

    རྨི་ལམ་དེ་ས་ལ་ལྷུང་དུས།།

    མི་ཁ་ཞིག་མགོ་ལ་བབས་སོང་།།

    བཙན་བྱུང་གི་མི་ཁ་རྒོད་པོ།།

    སུ་ཞིག་གིས་འགོག་རོགས་ཐུབ་བམ།།

    ཕུགས་བསམ་ཞིག་རུམ་ལ་བཅུག་སྟེ།།

    རྡོག་ལམ་འདི་རང་གིས་གཅོད་དུས།།

    བདག་སེམས་འདི་དུམ་བུར་གཅོད་མཁན།།

    སྡིག་ཅན་ཁྱོད་ཁོ་ན་ཡིན་ནོ།།

    མུན་ནག་དང་འོད་སྣང་འདྲེས་པའི།།

    འཇིག་རྟེན་གྱི་མི་ཡུལ་གྲོང་འདི།།

    བླ་བཙག་དང་ལྐོག་གཡོ་འཐེན་སའི།།

    མི་རྒྱུད་ཅིག་འཚོ་གནས་ཡིན་ནམ།།

    相关文章

      网友评论

          本文标题:༄༅། །ཁེར་ལབ།

          本文链接:https://www.haomeiwen.com/subject/ymjdextx.html