美文网首页
བོད་ཡིག་དགེ་རྒན།

བོད་ཡིག་དགེ་རྒན།

作者: 德格尔 | 来源:发表于2017-06-20 17:28 被阅读0次

    ཀ་ཁའི་འགྲོ་སྟངས་གནང་མཁན་ཕ་མེས་ཀྱི་སྲོལ་རྒྱུན་འཛིན་མཁན།

    ཡ་རབས་བཟང་པོའི་གོ་ཆས་བཏུམས་ཏེ་མི་རིགས་ཀྱི་བླ་སྲོག་སྤེལ་མཁན།

    དབྱངས་གསལ་གྱི་འགྲོས་ལ་བསྟུན་ཏེ་ཕྱི་རབས་ཀྱི་ལས་དབང་བསྟོད་མཁན།

    བོད་དགེ་ལགས།

    གངས་ཅན་ལྗོངས་འདིར་ཁྱོད་ཀྱི་གནས་བབས་ལ་དེ་ལྟའི་བརྩེ་བ་བྱེད་མཁན་མེད་ལ།  ཁྱོད་ལ་ཐ་ན་དམའ་འབེབས་ཀྱང་གཏོང་མཁན་མང་དག་ཅིག

    འོན་ཀྱང་ཁྱེད་ནི་ཅི་འདྲའི་བློ་རྩ་བརྟན་ལ་དུང་ཞེན་ཆེ་བའི་སྐྱེ་བུ་རླབས་ཆེན་ཞིག

    ཁྱེད་ནི་དགེ་རྒན་གྱི་ཁྲོད་ནས་བག་ཆགས་ཤོས་ཤིག་དང་། གུས་ལུགས་ཟབ་ཤོས་ཤིག

    དེ་བས།

    ཁྱོད་ཀྱི་སྨྲས་པས་སྐད་ཆ་རེ་རེས་མི་རིགས་དེའི་ཚབས་བྱེད་ལ།

    ཁྱོད་ཀྱི་གྱོན་པའི་གོས་སྣ་རེ་རེས་མི་རིགས་འདིའི་བསོད་ནམས་འཕེལ།

    བོད་སྐད་གཙང་མ་ཞིག་གིས་མི་རིགས་འདིའི་བླ་སྲོག་བརྟན་པར་བྱེད་ལ།

    བོད་ཆས་གཙང་མ་ཞིག་གིས་མི་རིགས་འདིའི་སྲོལ་བཟང་འཕེལ་བར་བྱེད།

    ཁྱེད་ཀྱི་གོམས་པའི་འདེགས་འཇོག་རེ་རེས་སྲོལ་རྒྱུན་གྱི་ཉམས་ཤིག་མངོན་ལ།

    ཁྱོད་ཀྱི་སྨྲ་བརྗོད་རེ་རེས་ཡ་རབས་ཀྱི་སྲོལ་ཞིག་འཛིན།

    གང་ལྟར་ཀྱང་།

    ཁྱེད་ནི་དུས་རབས་ཉེར་ཅིག་ལ་ཡོད་པའི་སྤྱོད་གཙང་གི་བོད་པ་ངོ་མ་ཞིག

    ཁྱེད་ཀྱི་ཚེ་གང་པོ་རང་མི་རིགས་ཀྱི་རིག་གནས་ཆེད་དུ་ལེགས་སྐྱེས་སུ་འབུལ་ལ།

    ཁྱེད་ཀྱི་ཉིན་མཚན་དབྱེར་མེད་དུ་ཕྱི་རབས་པ་རྣམས་ལ་རང་མི་རིགས་ཀྱི་སྲོལ་བཟང་དག་སྤེལ།

    ངོ་མ།

    ཁྱེད་མེད་ན་ར་མ་ལུག་སྐད་ལ་བཀག་འགོག་བྱེད་མཁན་མེད་ལ།

    ཁྱེད་མེད་ན་ཡ་མ་གཟུགས་ལ་སྨན་བཅོས་བྱ་མཁན་ཡང་མེད།

    ཁྱེད་ཀྱིས་མི་རིགས་འདིའི་འོད་མདངས་མ་ཉམས་པར་སྤེལ་ལ།

    ཁྱེད་ཀྱི་མི་རིགས་འདིའི་བླ་སྲོག་ལ་ལྷད་མེད་ཀྱི་གཅེས་འཛིན་མཛད།

    བོད་དགེ་ལགས། ཁྱེད་སྐུ་ལས་ཁག་སོང་།

    ཁྱེད་བདེ་བར་གནས་ཤོག

    བོད་ཡིག་དགེ་རྒན། བོད་ཡིག་དགེ་རྒན།

    相关文章

      网友评论

          本文标题:བོད་ཡིག་དགེ་རྒན།

          本文链接:https://www.haomeiwen.com/subject/yzkaqxtx.html