美文网首页
བུ་སྐྱེས་ཁང་གི་མཐོང་སྣང་དང་བསམ་ག

བུ་སྐྱེས་ཁང་གི་མཐོང་སྣང་དང་བསམ་ག

作者: 心理限制吃人了 | 来源:发表于2018-04-13 00:48 被阅读0次

    ཁས་ཉིན་ཕུ་བོ་དང་སྲི་མོ་གཉིས་ལ་ཡང་བུ་ཆུང་སྙིང་རྗེ་བོ་ཞིག་སྐྱེས་ཡོད་པའི་སྐད་ཐོས་འཕྲལ།བུ་སྐྱེས་སྨན་ཁང་དུ་སིལ་ཏོག་དགའ་དང་རྒྱ་གོར་དགའ་ཉོས་ནས་ལྟ་རུ་སོང་བ་ཡིན།སྐབས་དེར་ཡུལ་ལུང་ཤོག་གཅིག༼ཨ་མདོ་ཅོ་ནེ་ཆས་པའི་གཤིས་༽པའི་བཟའ་ཚོ་གཉིས་དང་བཅས་སྨན་ཁང་དུ་བྱིས་པ་སྐྱེས་རུ་ཐོན་འདུག་ཅིང་།ཏག་ཏག་སྲི་མོ་དང་ཁོ་ཚོའི་སྡོད་ཁང་གཅིག་རེད།ཁོ་ཚང་ལའང་བྱི་ལི་མགོ་ཏུག་གཅིག་སྐྱེས་འདུག  སྐབས་དེར་ངས་སིལ་ཏོག་ལེན་ཞོར་དུ་ཁོ་ཚོར་བྱིན་པ་ན་ཨ་ཡེས་རྒན་མོ་ལོ་བཞི་བཅུ་ཡན་ལྔ་བཅུ་ཅུང་མ་ཟིན་པ་འདྲ་ཞིག་གིས་མི་དགོས་ཟེར་བྱུང་།ངས་དེ་མི་སྐྱོན་དྲག་ནི་རེད་ཅེས་བཤད་པ་ན།མོས་ཤོད་རྒྱུར་མི་དྲག་གི་མི་དགོས་ཅེས་བརྗོད་བྱུང་།དང་ཐོག་འཚིག་པའང་ཟས་ཐ།འགྱོད་པའང་ཅུང་སྐྱེས་བྱུང་།ཡིན་ཡང་།ཞིབ་འདང་ཅུང་རྒྱག་དུས་ད་གཟོད་རང་ཉིད་ལ་ནོར་འཕྲུལ་ཡོད་པ་དང་རང་ཉིད་ད་དུང་སེམས་ཤེས་མེད་པའི་བྱིས་པ་ཞིག་ཡིན་པ་གཞི་ནས་ཚོར་བྱུང་།

    ༢༠༡༧ལོའི་ཟླ༡ཚེས༡༡ཉྀན་ལ།

    相关文章

      网友评论

          本文标题:བུ་སྐྱེས་ཁང་གི་མཐོང་སྣང་དང་བསམ་ག

          本文链接:https://www.haomeiwen.com/subject/zgeqkftx.html