美文网首页
པད་ཡུལ་བླ་མ་དམ་པ་༧ཀུན་དགའ་བསྟན་འ

པད་ཡུལ་བླ་མ་དམ་པ་༧ཀུན་དགའ་བསྟན་འ

作者: 阿洛迦 | 来源:发表于2017-03-07 15:33 被阅读0次
    པད་ཡུལ་བླ་མ་དམ་པ་༧ཀུན་དགའ་བསྟན་འཛིན་ནམ་བསོད་ནམས་བསྟན་འཛིན་བཟང་པོ་ཞལ་ཆེམས་བཀའ་ཆོས་ངོ་མཚར་མ།

                  པད་ཡུལ་བླ་མ་དམ་པ་༧ཀུན་དགའ་བསྟན་འཛིན་ནམ་བསོད་ནམས་བསྟན་འཛིན་བཟང་པོ་ཞལ་ཆེམས་བཀའ་ཆོས་ངོ་མཚར་མ།

    དབོན་བསོད་ནམས་དོན་འགྲུབ་ཀྱིས་བླ་མར་ཞུས་པ།

    བདག་སོགས་མགོན་མེད་རྣམས་ལ་བརྩེ་བར་དགོངས་ཏེ་ཞབས་པད་བརྟན་པར་བཞུགས་དགོས་ཞེས་མཆོ་མ་འདོན་ཞིང་ཞུས་པར།

    བླ་མ་ཞལ་འཛུམ་དང་བཅས་ཏེ།དེ་འདྲའི་སྐྱག་རེ་ཆུང་བྱེད་མི་དགོས།གྲུབ་ཐོབ་གོང་མའི་གསུང་ལས།

    ང་འཆི་བས་མུ་འཇིགས་སྐྱེ་བས་འཇིགས།།སྐྱེ་བ་ལས་ཀྱི་རྗེས་སུ་འབྲངས།།

    ཞེས་གསུངས་པས་སྤྱིར་འཆི་བ་འདི་སྐྱེ་འཕགས་ཀུན་གྱི་ལམ་པོ་ཆེ་ཡིན་པས་འཇིགས་རྒྱུ་མེད།འཆི་བ་གཅིག་པོས་མི་ཆོག་སྐྱེ་བ་ལེན་དགོས།དེ་ལ་རང་དབང་ཐོབ་པ་ཞིག་མེད་ན་འཇིགས་པ་ཡིན་མོད།འོན་ཀྱང་ཁོ་བོ་ཅག་ལྟ་བུ་དམ་པ་གོང་མ་ཁྱད་པར་ཅན་དེ་རྣམས་ཀྱི་རིགས་སུ་སྐྱེས།བླ་མ་མཚན་ཉིད་དང་ལྡན་པ་དུ་མས་རྗེས་སུ་བཟུང་།བསམ་པ་རྙེད་ནས་ད་བར་ཆོས་ཀྱི་བྱ་བ་མ་གཏོགས་མི་དགེ་བའི་ལས་མ་བགྱིས།མི་ལུས་མི་ཐོབ་དོན་མེད།སྐྱེ་བ་འདྲ་འོང་ཤས་ཆེ་བས་ཟ་རུ་རྩད་ཆོད།དཔེ་ཆ་དབང་རྫས་རྣམས་མ་བོར་བར་གྱིས།བུ་ཆུང་དང་ཁྱེད་རང་གཉིས་གཅིག་ལ་གཅིག་དགོས་པ་འོང་བས་སྔར་ལུགས་བཞིན་དུ་མཐུན་པར་གྱིས་ཞེས་ཞལ་ཆེམས་གནང།

                                       པད་ཡུལ་སྤྲུལ་མིང་བས་བཀོད།

    相关文章

      网友评论

          本文标题:པད་ཡུལ་བླ་མ་དམ་པ་༧ཀུན་དགའ་བསྟན་འ

          本文链接:https://www.haomeiwen.com/subject/arvmgttx.html