བྱམས་ལྡན་ཕ་མ་ཡུལ་ན་སྐྱིད་འདུག།
སྙིང་གི་གྲོགས་མོ་རྩུབ་ན་སྡད་ཡོད།།
མཁས་བཙུན་ཞལ་ལུང་འདུན་ན་རྩེགས་ཀྱང་།།
ཡ་ཆུང་སེམས་པའི་དཀྱིལ་ན་སྟོང་ཞིག།
སྙིང་སྡུག་ཞལ་རེས་མ་མཐོང་ཉིན་འགའ།།
ངག་གི་གསུངས་སྐད་མ་ཐོས་ཉིན་འགའ།།
ཉིན་མཚན་དབྱེར་མེད་དྲན་པའི་ན་ཟུག།
དཔེ་འགོད་གཟུགས་འགོད་བྱེད་ཐབས་མ་རྙེད།།
གྲོགས་མོའི་ཐུགས་བརྩེའི་བར་ན་དྲོད་ཅིག།
རང་གི་དགའ་ཕྱོགས་བསྙེག་པར་ངར་ཞིག།
དུས་འདིར་སྣང་བ་མི་སྐྱིད་ནམ་སྐྱིད།།
སྐལ་བཟང་དུས་འདིར་མི་གཅེས་སུ་གཅེས།།
འོན་ཏེ་ཡ་ཆུང་སེམས་པའི་དྲན་གདུང་།།
སྐྱིད་པའི་ངོ་བོ་འདི་ལས་མ་འཚོལ།།
ཞེ་དུང་དགའ་བོའི་བརྩེ་བ་མ་རྙེད།།
སྙིང་གི་ནང་ན་འདང་ཞིག་ལོས་ཡོད།།
2016/6/14
网友评论