美文网首页
སྐད་བརྡ་རིག་པའི་ཚོད་ལྟའི་རྒྱུགས་

སྐད་བརྡ་རིག་པའི་ཚོད་ལྟའི་རྒྱུགས་

作者: slzm | 来源:发表于2016-04-11 07:03 被阅读79次

    གཅིག ཆིག་འདེམས།

    1ང་ཚོས་སྒྲ་ཚིགས་ནང་གི་ཚིག་དོན་དབྱེ་བ་འབྱེད་ཐུབ་པའི་སྒྲ་ཤུགས་མཐོ་ཚད་ལ་༼ ག   ༽ཟེར།

    ཀ སྒྲ་རྒྱུ།  ཁ་སྒྲ་གཤིས།  ག སྒྲའི་ང་རོ། སྒྲ་ཚིགས།

    2 གནའ་རབས་བོད་སྐད་ཀྱི་གསལ་བྱེད་ལ་༼ང  ༽མེད།

    ཀ དྭངས་སྒྲ།   ཁ  རྙོག་པའི་འགག་སྒྲ།

    ག རྙོག་པའི་འགག་བརྡར་གྱ་སྒྲ། ང སྒྲའི་ང་རོ།

    3དེང་རབས་ལྷ་སའི་སྐད་ཀྱི་གསལ་བྱེད་ལ་༼   ང  ༽ཡོད།

    ཀ དྭངས་སྒྲ།   ཁ  རྙོག་པའི་འགག་སྒྲ།

    ག རྙོག་པའི་འགག་བརྡར་གྱ་སྒྲ། ང སྒྲའི་ང་རོ།

    གཉིས། སྣ་མང་གདམ་གསེས།

    སྐད་སྒྲའི་རྒྱུ་གཙོ་བོ་བཞི་ནི་༼ ཀཁངཅ༽

    ཀ སྒྲ་ཤུགས་མཐོ་ཚད། ཁ སྒྲ་ཤུགས་ཆེ་ཆུང་།

    ག སྒྲ་ཤུགས་རིང་ཐུང་།  ང སྒྲ་ཤུགས་རིང་ཚད། ཅ སྒྲ་གཤིས།

    2ཚིག་གདངས་ཀྱི་དོན་ཚན་གསུམ་པོ་ནི༼ ཁགང༽

    ཀ ཚིག་གྲུབ་ཀྱི་སྒྲ་ཡང་མོ། ཁ ཚིག་གྲུབ་ཀྱི་སྒྲ་ལྕི་མོ།

    ག བར་མཚམས་བཞག་པ། ང ཚིག་གྲུབ་ཀྱི་གདངས།

    3 ཚིག་གྲུབ་ཀྱི་གདངས་དེའི་རྩ་བའི་རྣམ་པ་གཉིས་ནི༼ཀང ༽

    ཀ འབབ་པའི་ང་རོ། ཁ མཐོ་བའི་ང་རོ།

    ག དམའ་བའི་ང་རོ།  ང འཕར་བའི་ང་རོ།

    4 གསལ་བྱེད་ཀྱི་རང་འདྲ་སྒྱུར་བ་ལ་དབྱེ་ན་༼ ཀ ག༽ཡོད།

    ཀ ཆ་ཚང་རང་འདྲར་སྒྱུར་བ།  ཁ ཆ་མཉམ་རང་འདྲར་སྒྱུར་བ།ག ཆ་ཤས་རང་འདྲར་སྒྱུར་བ།

    གསུམ། ཁ་སྐོང་།

    1 སྒྲ་གཤིས་མི་འདྲ་བའི་རྒྱུ་རྐྱེན་༼སྒྲ་འདོན་གོང་བུ་མི་འདྲ་བ        ༽དང༼ སྒྲ་འདོན་སྟངས་མི་འདྲ་བ༽༼ མཉམ་གྲགས་ཡོ་བྱད་མི་འདྲ་བ༽གསུམ་ཡིན།

    2སྒྲ་ཚིགས་གཅིག་ལ་དབྱེ་ན༼ ཧྲེང་མུའུ་༽དང་༼ ཡུན་མུའུ་༽༼སྒྲའི་ང་རོ་  ༽བཅས་གསུམ་ཡོད།

    3 སྤྱིར་གསལ་བྱེད་སུམ་ཅུའི་ནང་གི་༼ ཨ་   ༽མ་གཏོགས་ཧྲེང་མུའུ་བྱེད་ནུས་སོ།

    4སྒྲ་རྒྱུ་ལ་དབྱེ་ན་རིགས་ཆེན་མོ་གཉིས་ཏེ་༼དབྱངས་༽དང་ ༼གསལ་བྱེད་༽ཡིན།

    5 སྒྲ་ཚིགས་ཀྱི་དབྱེ་མཚམས་ཅི་ལྟར་འབྱེད་རྒྱུ་ཞེ་ན།སྤྱིར་བཏང་དུ་༼   དབྱངས་ཀྱི་སྨྲ་བ་ ༽དང་༼  སྒྲ་གསལ་བའི་ཚད་ཀྱི་སྨྲ་བ  ༽༼གྲིམ་ཚད་ཀྱི་སྨྲ་བ་    ༽རིགས་གསུམ་ཡོད།

    ལྔ་བ།དྲི་ལན་འདེབས་པ།

    1རྒྱལ་སྤྱིའི་སྒྲ་རྟགས་ཀྱི་དགེ་མཚན་ནི་གང་དག་ཡིན།

    ལན།1རྟགས་གཅིག་གིས་སྒྲ་གཅིག་ཁོ་ནའི་ཚབ་བྱེད་པས།གསལ་ཞིང་རྙོག་ཟིང་གི་སྐྱོན་ཆ་མེད་པ།

    2རྟགས་དེ་ལཱ་ཏིང་ཡིག་རིགས་ཀྱི་གསལ་བྱེད་རྨང་གཞི་བྱས་ཏེ།སྟབས་བདེ་ཞིང་གསལ་བ་མ་ཟད།ད་དུང་རྒྱལ་ཁབ་མང་པོ་ལ་ཆ་རྒྱུས་ཡོད་པ་དང་།སློབ་སྦྱོང་བྱེད་སླ་མོ་རེད།

    3རྟགས་ཅུང་ཟད་ཆ་ཚང་བས་འཛམ་གླིང་གི་སྐད་རིགས་གང་ཞིག་ཡིན་རུང་ཟིན་བྲིས་རྒྱག་ཐུབ།

    2སྒྲ་གཤིས་ཀྱི་སྒྲ་ཚན་དང་སྒྲ་གཤིས་མ་ཡིན་པའི་སྒྲ་ཚན་གྱི་གོ་དོན་ཕྲིས།

    ལན།དབྱངས་ཀྱི་སྒྲ་ཚན་ནམ་གསལ་བྱེད་ཀྱི་སྒྲ་ཚན་ནི་སྒྲ་ཤུགས་མཐོ་ཚད་དང་སྒྲ་ཤུགས་རིང་ཚད།སྒྲ་ཤུགས་ཆེ་ཆུང་དེ་དག་ལ་འདང་མ་བརྒྱབ་པར་སྒྲ་གཤིས་ཀྱི་གོ་དོན་འབྱེད་པའི་ཐད་ཁོ་ན་ལས་དབྱེ་ཞིབ་བྱས་པ་ཞིག་ལ་སྒྲ་གཤིས་ཀྱི་སྒྲ་ཚན་དང་ང་ཚོས་སྒྲ་ཤུགས་མཐོ་ཚད་དང་སྒྲ་ཤུགས་རིང་ཚད་སྒྲ་ཤུགས་ཆེ་ཆུང་བཅས་ཀྱིས་གོ་དོན་དབྱེ་འབྱེད་ཐུབ་པའི་ནུས་པ་དང་ཐུན་མོང་གི་རང་བཞིན་གཞིར་བཟུང་ནས་དེ་ཚོར་ཁག་ཕྱེས་སྟེ་སྒྲ་ཚན་དུ་ཕྱོགས་བསྡུས་བྱེད་པ་ཞིག་ལ་སྒྲ་གཤིས་མ་ཡིན་པའི་སྒྲ་ཚན་ཟེར།

    相关文章

      网友评论

          本文标题:སྐད་བརྡ་རིག་པའི་ཚོད་ལྟའི་རྒྱུགས་

          本文链接:https://www.haomeiwen.com/subject/ccqilttx.html