༼ འཛམ་གླིང་གི་ཁ་ལོ་པ། ༽
ཉག་་་་་་ན་བུན་གྱིས།
འཆད་པར་ཚིག་དོན་མ་ལུས་ཆུད་པའི་རྒྱ་མཚོ།།
རྩོད་ན་ལོག་རྟོགས་རྒོལ་མཐའ་བསྲེག་པའི་མེ་དཔུང་།།
རྩོམ་ན་སྒྲ་དབྱངས་རྒྱལ་མོའི་གླུ་བཞིན་སྙན་པ།།
ཁ་བའི་བླ་སྲོག་སྙིང་དུ་བརྩི་བའི་དམ་པ།།
ཐར་ལམ་ལྔ་གསུམ་བཅོ་ལྔར་རྒྱུགས་པའི་རྐྱང་ཤེས།།
ཨུཏྤལ་གནས་རིག་ཤོག་ཁར་དགའ་བའི་སྦྲང་མ།།
ལུང་རྟོགས་ཟུང་འབྲེལ་འཆིང་བའི་གསེར་སྐུད།།
རྫུན་ཅན་སྣང་སྲིད་སྨུན་ནག་གསལ་བའི་འོད་འབུམ།།
སྦྱོངས་བའི་ཤེས་རབ་ཆེན་བས་ཀུན་གསལ་མེ་ལོང་།།
ལྷག་བསམ་གཙང་མའི་དཀྲི་བས་རྟ་བདུན་དབང་པོ།།
ཐབས་ཤེས་རབ་ཏུ་ཡངས་བས་འདུལ་བར་རྟུལ་ཕོད།།
བྱིས་པ་བདེ་དོན་འཚོ་བས་དགེ་རྒན་མཚན་བཏགས།།
འཛམ་གླིང་བདེ་སྐྱིད་ལམ་དུ་འདྲེན་པའི་དེད་དཔོན།།
ས་བདག་རྒྱལ་ཡུལ་ཡོངས་ལ་མངོན་པའི་ནོར་བུ།།
དབང་ཅན་མི་རྣམས་ཐར་ལམ་འཕྱོ་བའི་སངས་རྒྱས།།
རང་གཞན་བརྩེ་བའི་གཟེར་མ་འདེབས་མཁན་སློབ་དཔོན།།
网友评论