美文网首页
སློབ་གཉེར་བ།

སློབ་གཉེར་བ།

作者: SONAM0 | 来源:发表于2020-12-26 23:59 被阅读0次

    ཁ་སང་དེ་རིང་ང་ཚོའི་དགོན་པ་ན་དགུན་ཆོས་དམ་བཅའ་ཆེན་མོ་འཚོག་བཞིན་ཡོད་པས། ཚོགས་ཧ་ཅང་ལྗི་བའི་དུས་རེད། འཛིན་གྲྭ་དྲུག་བདུན་གྱི་གྲྭ་བཙུན་བཞི་བརྒྱ་ལྷག་གིས་རེ་རེ་བཞིན་དུ་དགེ་འདུན་འདུས་མང་གི་འབུས་ནས་དམ་བཅའ་ལངས་ཏེ། ལུང་རིགས་ཀྱིས་བརྡར་ཤ་བཅད་ནས། སོ་སོས་འཇོན་ཚོད་ཀྱིས་ཆོས་རྩོད་བྱ་དགོས་པ་ཡིན། དེ་བས་བར་མཚམས་རེར་ཁམས་གསེང་ཕྲན་ཙམ་བྱེད་ལོང་ཡོད་པ་མཏོགས་ཉིན་གང་བོར་འཚོགས་ཏེ། དགོང་མོའི་ཆུ་ཚོད་བརྒྱད་པའི་བར་དུ་མི་གྲོལ། དོ་དགོང་དབྱིན་ཡིག་གི་སློབ་ཁྲིད་ཀྱང་དུས་ཚོད་བརྒྱད་པའི་སྟེང་འཚོག་ཀྱིན་པས་སློབ་ཁྲིད་ལ་རྗེས་ལུས་ཐེབས་རྒྱུར་སྐྲག་སྟེ། ཚོགས་གྲོལ་མ་ཐག་བྱ་འཕུར་བ་ལྟར་གང་མྱུར་གྱིས་རྒྱུག་ཐེངས་གཅིག་གིས་རང་ཤག་གི་ཕྱོགས་སུ་བསྐྱོད། རྒྱུག་རྩལ་ཆེ་བའི་དྲིན་གྱིས་སྟབས་ལེགས་པ་ཞིག་ལ་སློབ་ཁྲིད་ལ་རྗེས་ལུས་མ་ཐེབས། འདི་ཡང་སློབ་ཁྲིད་གལ་ཆེན་དུ་བརྩིས་པ་དང་སློབ་སྦྱོང་ལ་གཙིགས་ཆེན་བྱས་པའི་མངོན་རྟགས་ཤིག་ཡིན་པ་རེད། སློབ་གཉེར་བ་ཞིག་ལ་ངེས་པར་འཛོམ་དགོས་པ་དང་ཡོད་འོས་པའི་བསམ་པའི་འཛིན་སྟངས་དམིགས་བསལ་བ་དང་འགན་འཁྲིའི་འདུ་ཤེས་མ་འདྲ་ཞིག་ཀྱང་ཡིན་པ་རེད། འདི་ནི་སློབ་གཉེར་བ་དཀྱུས་མ་ཞིག་གིས་ཤེས་རིག་འཚོལ་སྙེག་གི་ལམ་བུ་དང་མ་འོངས་ཕུགས་འདུན་ཀྱི་ཆེད་དུ་ཕུལ་བའི་དཀའ་སྡུག་གི་རྔུལ་ཆུའི་ཐིགས་པ་རེ་རེ་ཡང་ཡིན་ནོ།།

    相关文章

      网友评论

          本文标题:སློབ་གཉེར་བ།

          本文链接:https://www.haomeiwen.com/subject/devnnktx.html