ཁ་བ་མེ་ཏོག
འཇམ་ཤེར།
ལུག་ཁྱུ་མོད་པའི་རི་སྡེ་དེར།
གནའ་སྔ་མོ་ཞིག་གི་ལོ་རྒྱུས་ལ།
སྦྲ་ཆོན་ལ་སྒོ་དར་གྱི་ཁ་བཏགས་འཕངས།
ཁ་བས་གཡོག་པའི་ས་ཆེན་གྱི་པང་དུ།
བརྟུན་མར་བཞད་པའི་ཁ་བའི་མེ་ཏོག
འབབ་སྟངས་མཛེས་ལ་བཀྲག་མདངས་རྒྱས།
ལྷང་ལྷང་དུ་གྲགས་པའི་མ་ཎིའི་མགུར་དབྱངས་ཀྱིས་ས་ཆེན་བཀང་།
མཚན་མོའི་སྐར་མ་དཀྲོལ་བའི་གཏམ་རྒྱུད་བཏོན།
དུས་དེར་རམ་མཚན་གང་བོར།
བྱིས་པ་དག་ནམ་ནམ་མཚན་མོའི་སྐར་ཚོམ་ལ་ཅེར་ཏེ།
ཟླ་བ་དེར་ཆིག་ལམ་རབ་ཏུ་སྨྲས།
མཐའ་མི་མངོན་པའི་གཙང་བོའི་རབ་ཁ་ལ་སོང་ནས།
སུ་ཞིག་སྒུག་པའི་གྲིབ་གཟུགས་སུ་བཞེངས།
སྐབས་དེར་གློ་རྡེག་ཏུ་ཁ་བ་ཆེན་པོ་ཞིག་གིས་འཇིག་རྟེན་བཀྲུན།
网友评论