སེམས་གཏམ་ངད་ཁ་བླུད་པའི་སྐད་འཕྲིན་གྱི་ཚོམས་ན།།
སྨྱོ་བས་གླེན་རྟགས་མིན་པའི་དུས་སྟོན་སོགས་མང་ལ།།
རྨི་འཁྲུལ་སྒྱུ་ན་ཡོད་འདྲའི་དགད་ཁ་རེ་ཤོར་ཡང་།།
རྣམ་པ་ཉམས་སུ་ལེན་བའི་ཚུགས་ཀ་ཞིག་ལོས་བྱེད།།
མཚན་གཅིག་བུད་མེད་ཚོགས་ཀྱི་དུས་སྟོན་གྱི་ཉིན་འདིར།།
ཕོ་མོ་རུས་སུ་མ་ཆད་ལྷག་བསམ་གྱི་རེ་སྐུལ།།
ཤིས་ཚིག་ཁུག་དམར་ལ་སོགས་རྟེན་འབྲེལ་གྱི་མཚོན་པ།།
སོར་བཅུ་སྙིང་ལ་སྦྱར་ནས་བཀའ་དྲིན་ཞིག་ཞུ་འོ།།
ཞི་བདེས་འདྲ་མཉམ་བརྩོན་པའི་འབོད་སྐུལ་གྱི་ཁུངས་གཏོགས།།
རང་ཁེ་རང་བརྩོན་བྱེད་པའི་བུད་མེད་ཚོས་རང་སད།།
གསུམ་བརྒྱད་ཉིན་ལ་སྦྱར་ནས་དུས་སྟོན་ཞིག་བསུས་པ།།
མིའི་རྔ་ཁྱིས་འདེད་མིན་པའི་མངོན་པར་ཞིག་བསྟོད་དོ།།
དེ་འབྲེལ་མ་མར་གཏོགས་པའི་བོད་མོ་ཡི་ཚོགས་པར།།
རང་གཅེས་རང་བརྩོན་བྱེད་པའི་འདུ་ཤེས་དེ་རྒྱུ་ཤོག།
བུ་ལ་མདུན་ལམ་སྐྲུན་པའི་རྟོགས་པ་དེ་སད་ཤོག།
ཆབ་དཔལ་རིག་ལ་འཇུ་བའི་མནོ་བསམ་དེ་འཕེལ་ཤོག།
མ་བཟང་བུ་མོས།
སྤྱི་རྩིས་ཀྱི2017ལོའི་ཟླ3པའི་ཚེས8ཉིན།
网友评论