དགུན་ཟླའི་མཁའ་དབུགས་ལ་གཙང་ཞིང་ལྷོད་པོའི་ལྷིང་འཇགས་ལྡན། ཉིན་འདིར་རང་དང་ཡུལ་གཅིག་པའི་གྲོགས་གཅེས་ལྷན་བསང་ཁོག་གི་རྫིང་བུ་ཆུང་ཆུང་དེར་གསོལ་གསེང་དུ་སོང་བ་ཡིན།


རྫིང་བུའི་ནང་དུ་ངང་བའི་ཁྱུ་ཚོགས་ཀྱི་སྐད་དང་མཚོ་མོ་དྭངས་ཞིང་ཅུང་དར་ཁ་ཡང་འཁྱགས་འདུག་པས་ཡིད་ཁམས་རང་ཤུགས་ཀྱིས་ལྷོད་ལ་འབབ་དུ་འཇུག སྐབས་དུས་སུ་དགུན་ཟླ་ཡིན་ཡང་གྲང་བའི་སྣང་བ་མི་འཆར། པར་ཆས་དང་ངེད་གཉིས་ཁོམ་པ་ཡང་མི་སྟེར།

བརྩེ་དུངས་ནི་མི་དང་སྲོག་ལྡན་ཀུན་ལ་ལྡན་པས་རྫིང་བུའི་ནང་དུ་ངང་བ་གཉིས་དུངས་བ་བརྗོད་ཀྱིན་ཆུ་མོར་རྩེན་བཞིན་འདུག

网友评论