འཛམ་གླིང་ཆུ་ཆེན་རྒྱལ་མོ་རྔུལ་ཆུ་འགྲམ།།
བརྟན་ཅིང་ཞི་བདེ་ཉམས་དང་བགས་གནས་པའི།།
སྐྱིད་འདྲ་ལྷའི་དགའ་ཚལ་འཕོས་འདྲ་བཞིན།།
སྐྱེ་བོ་ཡིད་འཕྲོག་ཀུན་འདུས་ཁྱད་འཕཊ་གནས།།
གནས་དེ་དཔའ་ཤོད་ནོར་བུ་ས་ཆ་ཡིན།།
རིག་པའི་གཞུང་ལུགས་ཀུན་ལ་འཆད་ཉན་ཞིང་།།
དམ་པའི་བསླབ་བྱ་ཟབ་མོ་བཅུད་ལེན་བའི།།
བོད་ལྗོངས་ཤར་ཕྱོགས་ནོར་བུ་ས་ཆ་རུ།།
སྙན་པའི་བ་དན་དགུང་ལ་གཏོར་བྱེད་པའི།།
དཔའ་ཤོད་དཔའ་ཤོད་ཟེར་བའི་མིང་དེ་བསྟོད།།
མིང་གྲགས་ཆེ་ཆེར་ལྡན་པའི་དཔའ་ཤོད་ཅེས།།
རིག་པའི་དཔའ་བོ་ཚ་མདའ་འཁྲུངས་དང་གཅིག།།
དགེ་ལས་གཙོ་འཛིན་ཨ་དཀོན་རིན་པོ་དང།།
རྩོམ་ལ་མཁས་པའི་རིགས་ཞེན་གུ་དྲག་སོགས།།
ཐམས་ཅད་གནས་འདི་འཁྲུངས་པའི་ངོ་རེ་མཚར།།
སྨྱུག་འཛིན་པ་བོད་ཕྲུག་ནས།།
网友评论