美文网首页
བློར་འཛིན་གྱི་ཐབས་ལམ་ཡག་ཤོས་དེ་ག

བློར་འཛིན་གྱི་ཐབས་ལམ་ཡག་ཤོས་དེ་ག

作者: SONAM0 | 来源:发表于2020-12-16 22:54 被阅读0次

    ད་བར་གསར་དུ་གཞུང་ཚན་སོགས་བློར་་འཛིན་གྱི་ཐབས་ལམ་བཟང་བོ་ཞིག་ཤེས་རྟོགས་བྱུང་། དེ་ནི་བློར་བཟུང་བ་དག་དཔེ་ཆར་མི་བརྟེན་པར་མཚམས་མཚམས་སུ་བློ་ངོ་རྐྱང་བ་ནས་སྐྱོར་བ་དེ་རེད། དེ་ལས་ཀྱང་མཉམ་འཇོག་དགོས་པ་དེ་བློར་བཟུང་བའི་གཞུང་ཚན་དག་ཉིན་མ་རྟག་པར་མི་སྐྱོར་བར་དང་ཐོག་ཉིན་མ་གསུམ་བཞི་རེའི་རྗེས་ནས་སྐྱོར་དགོས་ལ། དེ་ནས་རིམ་བཞིན་གཟའ་འཁོར་གཅིག་རེ་དང་ཉིན་བཅུ་ཁ་རེའི་རྗེས་ནས་སྐྱོར་རྒྱུ་གནད་དུ་ཆེ་བར་འདོད། རྒྱུ་མཚན་ཉིན་རྟག་པར་སྐྱོར་ན་ཁ་བྱང་རྣ་བྱང་ལ་སོང་བ་ཙམ་ལས་དོན་དངོས་ཀྱི་བློར་འཇགས་ཡང་གཏན་ནས་མཚོན་མི་ཐུབ་ཅིང་། དེས་ནི་ད་དུང་བློར་ཡག་པོ་འགྲོ་གིན་འདུག་སྙམ་པའི་འཁྲུལ་སྣང་མང་བོ་ཞིག་ཀྱང་རང་བཞིན་གྱིས་བསྐྱེད་ཡོང་ངོ་།། དེ་ལས་ཉིན་ཁ་ཤས་རེའི་རྗེས་ནས་བློར་སྐྱོར་བ་ན་ད་གཟོད་གང་ཞིག་བློར་ཡག་པོར་ཟིན་མེད་པ་དང་གང་ཞིག་ཟིན་ཡོད་པའི་ཁྱད་པར་གསལ་བོར་ཤེས་ཡོང་ལ། སྐབས་དེར་གང་ཞིག་ཡང་བསྐྱར་ནན་གྱིས་བློར་ལེན་དགོས་པ་ཡང་ངོ་འཕྲོད་ཡོང་བས། དེ་ལྟར་སོང་ན་བློར་འཇགས་པའི་གཞུང་དོན་མཐའ་དག་མི་ཚེ་གང་ལ་དྲན་ངོ་རྐྱང་བ་ནས་ཉམས་སུ་བཞེས་ཆོག་པ་དང་སྒོམ་ཆོག་པའི་སྐལ་བཟང་གི་ཉིན་མ་དེ་ཡང་ཤར་ངེས་སོ།། མ་ཟད་རབ་ཡིན་ན་གནས་ངེས་མེད་དང་དུས་ངེས་མེད་དུ་རང་ལ་གཞུང་ཚན་གང་དག་བློར་ཡོང་མིན་ལ་རྒྱུན་དུ་དཔེ་ཆའི་ངོར་ནས་གཏན་ནས་མི་ལྟ་བར་བློ་ངོ་ཁོ་ན་བརྒྱུད་དེ་ཚོད་རྒྱུག་རབ་དང་རིམ་མང་བོ་ལེན་རྒྱུ་དེ་ཡང་བརྗེད་མི་ཉན་པའི་བྱ་ཐབས་བླ་མེད་ཅིག་གོ།། ཧ་ལམ་ལོ་གཅིག་དང་གཉིས་ཀྱི་རིང་ལ་དེ་ལྟར་གཞུང་ཚན་རེ་རེའི་བར་བར་དུ་ཉིན་བཅུ་ཁ་རེ་བཞག་སྟེ་བློ་ངོ་རྐྱང་བ་ནས་སྐྱོར་རྒྱུར་གོམས་པ་ན། དེ་ནས་བློར་བཟུང་མཐའ་དག་ཁྱི་བཙན་པོ་ཞིག་གིས་རྗེས་ནས་དེད་ཀྱང་ཤར་ཤར་སྐྱོར་ཐུབ་པའི་གདེང་ཚོད་དེ་ཡང་སླེབས་ངེས་རེད། ཚད་དེར་ཐོན་ན་བརྗེད་པར་སྐྲག་པའི་སེམས་ཁུར་དེ་ཡང་ལྷག་མ་ཞིག་མ་ཡིན་ནམ། ལྷག་པར་གཞུང་ཆེན་ཁག་ལ་སློབ་གཉེར་གནང་མཁན་ཚོས་བློར་འཛིན་གྱི་ཐབས་མཆོག་འདི་འདྲ་སྤྱོད་མ་ཤེས་ན། དེའི་ཡན་གྱི་གྱོང་ཆེན་ཞིག་རག་རྒྱུ་མེད་ཚོད་དོ།།

    相关文章

      网友评论

          本文标题:བློར་འཛིན་གྱི་ཐབས་ལམ་ཡག་ཤོས་དེ་ག

          本文链接:https://www.haomeiwen.com/subject/gefagktx.html