མར་མེའི་ལས་དབང་ལྷག་བསམ་འོད་པོ་ཆེ། །
སྐྱི་གསེར་ཆད་མེད་མར་མེའི་དགྲ་རུ་ལངས། །
དུས་ཀྱི་བསྟུན་ཐབས་རིང་དུ་གྱུར་པའི་ཚེ། །
དེ་ཡང་ལས་ཀྱི་གྲོགས་དན་སྟོབས་སུ་གྱུར། །
སྐྱི་གསེར་འདོད་མེད་འཚེ་བའི་སེམས་གཏམས་ནས། །
མར་མེའི་ཚེ་གྲོགས་ལས་ཀྱི་བརྐོས་ཐང་འོག །
གཞན་ཕན་ལྷག་བསམ་ཤུགས་ཆེར་འཕེལ་བའི་ཡོན། །
རླབས་ཆེན་ཚོགས་ཁྲོད་མཆོག་དེ་བླ་མེད་ཉིད། །
དུས་འགྱུར་ཤེས་མེད་ཚོད་འཛིན་སྟོབས་དབེན་ལ། །
བྲལ་མེད་མཉམ་འཚོའི་གནས་འབབ་ཁྱད་མཚར་བ། །
ཆོས་ཉིད་རིས་མེད་ངང་གིས་གྲུབ་པའི་ལས། །
སྐྱི་གསེར་མར་མེའི་གཏམ་རྒྱུད་ཨེ་མ་རྨད། །
网友评论