美文网首页
སྡུག་གཞས་གྱ་གྱུ།            མོན་

སྡུག་གཞས་གྱ་གྱུ།            མོན་

作者: 248fc043d85e | 来源:发表于2016-11-17 20:57 被阅读0次

    བསིལ་རླུང་ལྷོད་ཀྱི་ལྡེམ་པས་ཟླ་མཚན་འགྲམ་དུ།།

    འོད་ཀྱི་བག་ཁང་ཞིག་གི་གྲུབ་གཟུགས་འཁྱག་པ།།

    མི་ལོ་ཨ་ཐང་ཞིག་གི་སྨྲེང་བའི་འགྲམ་པགས།

    པིར་རྩེའི་ཐང་དུ་འཁྱུག་པས་ཚོར་བའི་འཁུན་སྒྲ།།

    འཛུམ་དེ་ཡིད་ནས་འཁྲུངས་བའི་སྡུག་གི་རྩ་བ།།

    དགའ་སྐྱོའི་འཁུན་སྒྲ་བརྩེགས་པའི་ལོ་ཟླའི་ན་བུན།།

    སྐྱབས་མེད་གཡེངས་སུ་བཏེག་པའི་མིག་ཆུའི་རླབས་ཕྲེང།།

    རྟོགས་སྣང་སྐྱ་བོ་ཞིག་གི་སྡུག་གཞས་གྱ་གྱུ།།

    སྐྱེ་བ་སྟོང་ཕྲག་བཞེས་པས་སྨྲེ་ངག་གསོན་པོ།།

    ཆོས་ཉིད་བཙན་པོ་ཞིག་གི་རྒྱབ་གཟུགས་ཕྲེང་ནས།།

    ཚེ་སྔོན་བུ་ལོན་ཆད་པའི་སྲོག་གི་དྭངས་མ།།

    མ་དག་ལས་ཀྱི་སྡིག་འབྲས་སྡུག་ལ་སྨིན་སོང་།།

    ཀྱེ་མ་ཤོག་དཀར་ངོས་ཀྱི་གྲུབ་གཟུགས་ནག་པོ།།

    ཁྱོད་ཀྱིས་སུ་ཡིས་ཆེད་དུ་སྨྲེ་ངག་འདོན་སྲིད།།

    ཉིད་ཀྱི་རྨི་ལམ་ཐང་གི་སྐྱོ་གར་འདི་ལ།།

    ཁྱོད་ཀྱིས་ཁོ་མོའི་ཟོལ་དུ་མིག་ཆུ་སྦྱིན་རོགས།།

    相关文章

      网友评论

          本文标题:སྡུག་གཞས་གྱ་གྱུ།            མོན་

          本文链接:https://www.haomeiwen.com/subject/giqjpttx.html