美文网首页藏传佛教嘉言集萃
༂ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡ

༂ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡ

作者: 羅尼 | 来源:发表于2016-03-15 23:13 被阅读695次
    微信号luoni1234

    ༂ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ   འགྲོ་མགོན་དབང་སྡུད་སྙིང་པོའི་གཏེར་ཁ་ལསཿ བཙུན་པས་འདུལ་ཁྲིམས་མི་བསྲུང་སྐྱེ་བོའི་ཆསཿསྔགས་པས་དམ་ཚིག་མི་བསྲུང་བདུད་ཆས་བྱེདཿ སྐྱེ་བོས་སེར་ཆས་བུད་མེད་ཁྲིམས་གཏམ་འབྱུངཿ འགྲོ་ལ་ཕན་པའི་མི་རྣམས་ཚེ་ཐུང་འགྱུརཿ གསུང་རབ་གླེགས་བམ་རྐུན་མའི་ཚོང་རྫསབྱེདཿ སྒོམ་སྒྲུབ་བསྟན་པ་རིམ་གྱིས་འགྲིབ་པའི་དུསཿ སྔོན་གྱི་སྒྲུབ་གནས་རི་ཁྲོད་ཀུན་སྟོང་ནསཿ ལྕང་ལོ་གོས་དཀར་དགུན་གྱི་མེ་ཏོག་བཞིནཿ བླ་མས་དམག་དཔོན་བེན་དྷེས་མཚོན་ཐོགས་འབྱོངཿ སྐྱེ་བོས་བནྡྷེ་དམག་དར་ཆེ་དུས་འབྱུངཿ མཐའ་མི་མགོ་ནག་བོད་དུ་འོང་བའི་དུསཿ གསང་སྔགས་བསྟན་ལ་ལོག་ལྟ་སྨད་པ་འབྱུངཿ དམ་སྲི་རྒྱལ་འགོང་སེམས་ལ་ཞུགས་པའི་དུསཿ པད་འབྱུང་རྣམ་ཐར་གསང་སྔགས་གཏེར་ཆོས་ལཿ ཆོས་མིན་ཟོག་པོ་ཟེར་ནས་སྨད་པ་འབྱུངཿ འགོང་པོས་སེམས་དཀྲུགས་མི་རྣམས་ཕལ་ཆེར་སྨྱོཿ ཡོན་བདག་ནོར་རྫས་སེར་སྣས་བཅིང་བའི་དུསཿ འདི་ཕྱིའི་སྐྱབས་གནས་བླ་མ་མཆོད་གནས་ལཿ ཟང་ཟིང་ནོར་རྫས་བཟང་པོ་འབུལ་མི་ཐུབཿ བླ་མ་ཡོན་མཆོད་ནོར་རྫས་ཆེས་བརླམསནསཿ ཡོན་མཆོད་རྒྱུ་འབྲས་བུ་ལོན་རྩོད་གཞི་འགྱུརཿ སེར་སྣ་རློམ་སེམས་ཆོས་དང་འབྲེལ་མི་འབྱུངཿ བླ་མའི་གསུང་ལ་སློབ་མས་མི་ཉན་དུསཿ སློབ་མས་བླ་མར་ངན་སྨ་སྐུར་འདེབས་འབྱུངཿ བཟང་ལེན་ངན་གྱིས་འཇལ་བའི་དུས་སུ་འོངཿ ཕ་གཅིག་ཡིན་ཀྱང་བློ་གཏད་མེད་པ་འབྱུངཿ དཔོན་གྱི་ངག་ལ་གཡོག་གིས་མི་ཉན་དུསཿ གཡོག་གིས་དཔོན་བཙོང་ཆོས་ཁྲིམས་འཆོར་བ་འབྱུངཿ དགོན་སྡེ་བླ་མ་ནང་འཁྲུག་བྱེད་པ་འབྱུངཿ ཆོས་པ་བཟང་ཡང་ངན་བཤད་མང་བ་འབྱུངཿ ཕ་གཅིག་བུ་སྤུན་ནང་དམེ་བྱེད་པའི་དུསཿ མི་རྣམས་ཕལ་ཆེར་གྲི་རུ་འགུམ་པ་འབྱུངཿ བཟློག་པ་རིམ་གྲོ་སྨན་དཔྱད་ཕན་པ་དཀའཿ ནད་ནི་མི་འོང་བྱ་བ་གཅིག་ཀྱང་མེདཿ ན་བ་མ་རིག་ཤི་བ་མང་དུ་འབྱུངཿ མོ་རྩིས་རྩ་གསུམ་ལུང་བསྟན་མི་གསལ་དུསཿ མི་རྒོད་ཇག་པ་བློ་སྣ་རྐྱེན་བསྒྱུར་ནསཿ བླ་དགོན་སྔགས་པ་འཕྲོག་བཅོམ་བྱེད་པ་འབྱུངཿ གཞི་བདག་ལྷ་སྲིན་ཀླུ་གཉན་འཁྲུགས་ནས་སུཿ ཆར་ཆུ་མི་འབབ་ལོ་གྲངས་མང་བ་འབྱུངཿ ལོ་སོགས་མང་ཡང་འབྲུ་རྣམས་ཉུང་བ་འབྱུངཿ འོ་མ་མང་ཡང་མར་ཆུར་ཉུང་བ་འབྱུངཿ མི་རྣམས་ཚེ་ཐུང་ཕྱུག་ལ་གོད་ཁ་མངཿ སྡིག་སྤྱོད་རྒྱལ་པོ་འབངས་དང་ཕ་སྤུན་འཁྲུགཿ ཕྱོགས་མཚམས་ཀུན་ནས་དམག་གི་སྒྲ་སྒྲོགས་དུསཿ བོད་ལ་བདེ་སྐྱིད་སྤུ་ཙམ་མེད་པ་འབྱུངཿ དུས་ངན་དེ་འདྲའི་དུས་སུ་སླེབ་ཙམ་ནཿ བོད་ཡུལ་སྐྱབས་མེད་འགྲོ་རྣམས་སྙིང་རེ་རྗེཿ དེ་དུས་མི་རྣམས་སྡུག་བསྔལ་སྤྱོད་པའི་དུསཿ དཔལ་གྱི་དབང་ཕྱུག་སྐྱེ་བ་བཅོ་བརྒྱད་མཐརཿ རྫོགས་ཆེན་རྣམ་འབྱོར་མེ་བྱི་ལོ་པ་ཡིསཿ ལུང་བསྟན་གསོལ་འདེབས་སྤེལ་བའི་དུས་བྱུང་ཚེཿ ཐེ་ཚོམ་མེད་པར་ཀུན་གྱིསཉམས་སུ་ལོངསཿ འདི་ལ་སྨད་ཅིང་ཉམས་སུ་མི་ལེན་རྣམསཿ དམ་སྲིའི་རིགས་ཡིན་དེ་ཡི་དབང་མ་ཤོརཿ དུས་བབ་ཆོས་ཡིན་བསླུ་བར་མི་འགྱུར་རོཿ དད་ལྡན་བུ་རྣམས་གསོལ་བ་འདི་བཞིན་ཐོབཿ འདི་ཕྱིའི་བདེ་ཐོབ་པར་ཐེ་ཚོམ་མེདཿ   ཨེ་མ་ཧོཿ འདི་ནས་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་སུཿ སངས་རྒྱས་ཀུན་གྱི་རིགས་བདག་སྣང་མཐའ་ཡསཿ ཐུགས་ཀའི་ཧྲཱིཿཡིག་འགྲོ་བའི་དོན་དུ་འཕྲོསཿ ཀོ་ཤའི་མཚོ་གླིང་པདྨའི་དབུས་སུ་བབསཿ སངས་རྒྱས་ཀུན་འདུས་པདྨ་འབྱུང་གནས་སྐུཿ པདྨ་འབྱུང་གནས་སྐུ་ལ་གསོལ་བ་འདེབསཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿཨོཾ་ཨཱཿཧཱུྃ༴   རླུང་མཁྲིས་བད་ཀན་འཁྲུགས་པའི་ནད་རིགས་དངཿའགོ་བའི་ནད་རིགས་མ་ལུས་ཀུན་ཞི་ནསཿ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་བཟློགཿ བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབསཿ ཨོཾ་ཨཱཿཧཱུྃ༴ ཨོཾ་ཨཱཿཧཱུྃ༴ འཛམ་གླིང་རྒྱལ་པོས་བོད་ལ་གདན་དྲངས་བྱོནཿ བསམ་ཡས་བཞེངས་ནས་བོད་ཀྱི་འགྲོ་དོན་མཛདཿ ལྷ་སྲིན་སྡེ་བརྒྱད་མ་ལུས་དམ་ལ་བཏགསཿ ལས་ཅན་རྣམས་ལ་གསང་སྔགས་ཟབ་མོ་སྟོནཿ སངས་རྒྱས་ཀུན་གྱི་གསུང་གི་ངོ་བོ་སྟེཿ པདྨ་འབྱུང་གནས་གསུང་ལ་གསོལ་བ་འདེབས་ཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་༴ ཨོཾ༴ རླུང་མཁྲིས་བད་ཀན༴ འགོ་བའི་ནད་རིགས༴ ཕྱི་ནང་གསང་བའི༴ བསམ་པ་མྱུར་དུ༴ ཨོཾ༴  ཨོཾ༴ རྒྱ་མཚོ་བས་ཀྱང་ཟབ་པའི་ཐུགས་མངའ་བཿ སྤྲིན་མེད་མཁའ་ལ་ཉི་ཤར་ལྟ་བུའི་ཐུགསཿ མཐུ་སྟོབས་ཐུགས་རྗེ་བྱིན་རླབས་གློག་བས་མྱུརཿ འདས་དང་མ་འོང་ད་ལྟ་ས་ལེར་མཁྱེནཿ སངས་རྒྱས་ཀུན་གྱི་ཐུགས་ཀྱི་ངོ་བོ་སྟེཿཔདྨ་འབྱུང་གནས་ཐུགས་ལ་གསོལ་བ༴ ཨོཾ༴ ཨོཾ༴ རླུང་མཁྲིས་བད་ཀན༴ འགོ་བའི་ནད་རིགས༴ ཕྱི་ནང་གསང་བའི༴ བསམ་པ་མྱུར་དུ༴ ཨོཾ༴  ཨོཾ༴ ཡིད་བཞིན་ནོར་བུ་ལྟ་བུའི་སྤྲུལ་པའི་སྐུཿ མཚན་ཐོས་ཙམ་གྱིས་ནད་དང་སྡུག་བསྔལ་སེལཿ ཆུ་ཟླ་བཞིན་དུ་ཡོན་ཏན་ཀུན་ལ་ཁྱབཿ དྲན་པ་ཙམ་གྱིས་བྱང་ཆུབ་ལམ་ལ་འགོདཿ སངས་རྒྱས་ཀུན་གྱི་ཡོན་ཏན་ངོ་བོ་སྟེཿ པད་འབྱུང་ཡོན་ཏན་ཚོགས་ལ༴ ཨོཾ༴  ཨོཾ༴  རླུང་མཁྲིས་བད་ཀན༴ འགོ་བའི༴  ཕྱི་ནང༴  བསམ་པ༴  ཨོཾ༴  ཨོཾ༴  མ་རིགས་གདུལ་དཀའི་སེམས་ཅན་ཐབས་འདུལ་ཕྱིརཿ ཕྲིན་ལས་འགྲོ་བའི་དོན་དུ་སོ་སོར་ལཿ རྣམ་བཞིའི་ཕྲིན་ལས་ཞི་རྒྱས་དབང་དྲག་ནིཿ ཉི་ཟླའི་ཟེར་ལྟར་ཕྲིན་ལས་བསམ་མི་ཁྱབཿ སངས་རྒྱས་ཀུན་གྱི་ཕྲིན་ལས་ངོ་བོ་སྟེཿ པད་འབྱུང་ཕྲིན་ལས་ཚོགས་ལཿ  ཨོཾ༴  ཨོཾ༴  རླུང་མཁྲིས་བད་ཀན༴ འགོ་བའི༴ ཕྱི་ནང༴  བསམ་པ༴ ཨོཾ༴  ཨོཾ༴  གཡུ་ལོ་བཀོད་པར་རྗེ་བཙུན་སྒྲོལ་མར་གྲགསཿ ཐུབ་པའི་སྤྱན་སྔར་ལྷ་མོ་དབྱངས་ཅན་མཿ བོད་ཡུལ་པད་འབྱུང་གསང་སྔགས་ཆོས་གསུང་ཚེཿ བཀའ་ཡི་བསྡུ་བ་མཛད་པའི་འཚོ་རྒྱལ་མཿ བོད་ལ་བཀའ་དྲིན་ཆེ་བའི་མཁའ་འགྲོ་མཿ མཚན་ལྡན་གཟུངས་མ་ལྔ་ལ༴ ཨོཾ༴  ཨོཾ༴ རླུང་མཁྲིས༴ འགོ་བའི༴ ཕྱི་ནང༴  བསམ་པ༴ ཨོཾ༴ ཨོཾ༴ པདྨའི་བརྒྱུད་འཛིན་བསྐྱེད་རྫོགས་མཐར་ཕྱིན་པཿ འཁྲུལ་པ་དབྱིངས་དག་ཀ་དག་མངོན་གྱུར་ནསཿ སྙན་བརྒྱུད་གསང་སྔགས་གྲུབ་པའི་རྟགས་ཐོན་པཿ པདྨའི་བསྟན་འཛིན་བོད་ལ་བཀའ་དྲིན་ཆེཿ ངོ་མཚར་གྲུབ་རྟགས་ཉེར་ལྔ་དུས་གཅིག་བསྟནཿ རྗེ་འབངས་ཉི་ཤུ་ལྔ་ལ་གསོལ་བ༴ ཨོཾ༴ ཨོཾ༴  རླུང་མཁྲིས༴ འགོ་བའི༴ ཕྱི་ནང༴ བསམ་པ༴ ཨོཾ༴  ཨོཾ༴  བོད་ཡུལ་ས་རྡོ་རི་བྲག་བྱིན་བརླབས་ནསཿ ཀུན་ལ་གཏེར་ཁ་གྲངས་མེད་སྦས་པའི་ཚེཿ གཏེར་ཆེན་བརྒྱད་དང་གཏེར་ཕྲན་སྟོང་རྩ་དངཿ ཡང་གཏེར་བྱེ་བ་གྲངས་ལས་འདས་པ་ཡིཿ གཏེར་དང་གཏེར་སྟོན་ཆོས་བདག་བཀའ་སྲུང་བཅསཿ པདྨའི་རྒྱལ་ཚབ་རྣམས་ལ་གསོལ་བ༴ཨོཾ༴  ཨོཾ༴  པད་འབྱུང་བརྒྱུད་པར་བཅས་ལ་གསོལ་བཏབ་མཐུསཿ རླུང་མཁྲིས་བད་ཀན་འདུས་པའི་ནད་རིགས་དངཿ ཚ་རིམས་རྒྱུ་གཟེར་ཁྲག་ནད་དམར་བཤལ་དངཿ འབྲུམ་པ་དཀར་ནག་བདུན་དྲུག་འགོ་བའི་ནདཿ མྱུར་དུ་ཞི་ཞིང་བདག་ལ་བསྲུང་སྐྱོབས་མཛོདཿ བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པ་དངཿ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་བདེན་སྟོབས་ཀྱིསཿ གསོལ་བ་གང་བཏབ་མྱུར་དུ་འགྲུབ་གྱུར་ཅིགཿ དེང་འདིར་བསམ་པ་ལྷུན་གྲུབ་བཀྲ་ཤིས་ཤོགཿ  ས་མཱ་ཡཿ  རྒྱ་རྒྱ་རྒྱཿ གསང་རྒྱཿ  ཟབ་རྒྱཿ གཏད་རྒྱཿ ཀླུ་བཙན་རྡོ་རྗེ་ལེགས་པས་བཀའ་འདི་སྲུངསཤིགཿ ཅེས་མཁའ་འགྲོའི་བླ་མཚོ་གཡུའི་མཎྜལ་ཅན་ནས་གདན་དྲངས་པའོཿ  སྤྲང་བན་བདག་ནི་གཏེར་སྟོན་མ་ཡིན་ཀྱངཿ  བདུད་རིགས་ལོག་ལྟ་ཅན་གྱིས་སྨད་ན་ཡངཿ  འོན་ཀྱང་ལས་འཕྲོའི་དབང་གིས་འདི་ལྟར་རྙེདཿ  ཉེས་འགལ་མཆིས་ན་པད་འབྱུང་དྲུང་དུ་བཤགསཿ  འདི་བྲིས་དགེ་བས་འབྲེལ་བ་ཐོབ་ཚད་རྣམསཿ རྔ་ཡབ་པདྨ་འོད་དུ་ཕྱིན་པར་ཤོགཿ ཡི་གེའི་མཐུན་རྐྱེན་བདག་དྷརྨཱའི་མིང་ཅན་གྱིས་དག་དཔྱོད་དང་བཅས་པས་བྲིས་པའོཿ འདིའི་དགེ་བས་འགྲོ་ཕན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིགཿ འདི་མི་བཅུ་ལ་སྤེལ་ན་སིདྡྷི་དུང་བཏོན་པ་དང་ཕན་ཡོན་མཉམ་མོཿ  སརྦ་མངྒ་ལཾ ། །    །།གུས་པ་བྱང་ཆུབ་འཁྱམས་པོའི་སྤེལ་བ་དགེ་ཞིང་བཀྲ་ཤིས།།

    相关文章

      网友评论

        本文标题:༂ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡ

        本文链接:https://www.haomeiwen.com/subject/gmsqlttx.html