![](https://img.haomeiwen.com/i15949709/4edc6d495e3697c6.jpg)
ར་མང་མཚམས་ཁང་གི་ཕྱིའི་རྣམ་པ།
![](https://img.haomeiwen.com/i15949709/b8f1f0f6a0542ca3.jpg)
སྒྲུབ་ཕུག
![](https://img.haomeiwen.com/i15949709/6503ca6357f4471a.jpg)
སྒྲུབ་ཕུག་ནང་གི་རྣམ་པ།
![](https://img.haomeiwen.com/i15949709/eeebcc8d2a8ba010.jpg)
ངག་རྒྱུན་ལྟར་ན། ༡.ར་མང་མཚམས་ཁང་འདི་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ཡོད་ཟེར། ༢.འཛམ་གླིང་གེ་སར་རྒྱལ་བོ་ཡང་གནས་འདིར་བཞུགས་ནས་སྒྲུབ་པ་སྦྱངས་བ་མ་ཟད་ཞབས་རྗེས་ཕྱག་རྗེས་ཡང་བཞག་ཡོད། མཚམས་ཁང་གི་ཞོལ་ན་གེ་སར་རྟ་ཕུར་དང་གཡས་ན་མདའ་གཞུ་འཇོག་སའི་རྡོ་ལབ་ཞིག་ཀྱང་ཡོད། ༣.བཤད་རྒྱུན་ལྟར་ན་ལོ་བརྒྱ་ཕྲག་གི་སྔོན་ན་གནས་འདིར་ལོ་མཚམས་ཟླ་མཚམས་ལ་སྡོད་པའི་བན་སྔགས་བརྒྱ་ཕྲག་དུ་མ་བྱུང་མྱོང་ཟེར། ཡིན་ཡང་རང་རེའི་ས་ཆའི་བན་སྔགས་སྡད་མྱོང་བ་གོ་རྒྱུ་མི་འདུག ༤.བན་སྔགས་མཚམས་པ་བརྒྱ་ཕྲག་ལས་དོན་དངོས་མིང་གི་གཟུང་ས་ཞིག་ཡོད་པ་ནི་ར་མང་མཚམས་པ་ཡིན་ལ། དང་ཐོག་གནས་འདིར་ཕེབས་དུས་ཞོན་པ་ར་ཞིག་ཡིན་ལ་རིམ་བཞིན་ར་ཇེ་མང་དུ་སོང་བས་ཆ་ནས་ཀུན་གྱིས་ར་མང་མཚམས་པ་དང་གྲུབ་གནས་ལ་ར་མང་མཚམས་ཁང་། ལུང་བ་འདི་ལའང་ར་མང་ལུང་བ་ཟེར། ཁོང་ཚང་གནས་འདིར་བཞུགས་དུས་ལོ་བརྒྱ་ལྷག་གི་ཡར་སྔོན་ཡིན་ཟེར། ཕ་ཡུལ་ཕལ་ཆེར་བཱ་ཡན༼དཔའ་ལུང༽ཕྱོགས་ཀྱི་མི་ཡིན་ཟེར། གནས་འདིའི་གནས་བདག་བུད་མེད་ནུས་མཐུ་ཅན་ཞིག་ཡིན་ལ། མིང་ལ་ལྷ་སྐྱིད་སྒྲོལ་མ་ཟེར། མཚམས་པ་མཐུ་ཅན་ཞིག་མིན་ན་བུད་མེད་གནས་བདག་འདིས་ཏིང་འཛིན་དཀྲོགས་ནས་སྡོད་དུ་མི་འཇུག་ཟེར། དེ་བས་མཚམས་པ་རང་ག་བ་ཞིག་སྡོད་མི་ཐུབ་ཟེར། དེ་ལ་ར་མང་མཚམས་པས་གསུང་འདི་འདྲ་ཞིག་བརྗོད་ཡོད། ༄༄།། གནས་རྒོད་པོ་ར་མང་མཚམས་ཁང་རེད།། གནས་རྒོད་པོ་དུག་སྦྲུལ་འཁྱིལ་འདྲ་རེད།། བཙན་རྒོད་པོ་དུག་ལྕེ་འབར་འདྲ་རེད།། དུག་ནག་པོ་དེ་ལ་ཡ་ང་མེད།། གནས ་འདི་ནས་ང་རང་མཚམས་ལ་འདུག། མོ་དམན་མོ་ཡོད་ན་གནས་འདིར་ཤོག། ༥. མཚམས་པ་དཔལ་ལྡན་གྱིས་གསུང་བ་ལྟར་ན། ཁོ་རང་དང་ཐོག་སྔགས་རྙིང་མའི་སྡེར་ཞུགས་དུས་
网友评论