
མཁར་གྱིས་པར་བླངས།
ང་ལ་ངོ་ཤེས་ཤིག་ཡོད་པ་མོའི་མིང་ལ་བསམ་བློ་སྐྱིད་དུ་འབོད། ཆུང་དུས་ནས་རྣ་ཐོས་བྱུང་བའི་གཏམ་དཔེ་ཞིག་ཏུ་མོ་ལོ་སུམ་བཅུར་གཞོན་མིང་མེད་ཅེས་ཟེར་ནའང་། མོའི་གཟུགས་སྐྱེ་ལུས་དྲང་། ཡག་མོ་སྒོ་མཛེས། བློ་རིག་པ་མྱུར། རྒྱལ་ཁབ་ཀྱི་ཕོགས་མཐོན་པོ་བླངས་ནས། འདུག་ཐོག་ཁང་དང་འགྲོ་རླངས་འཁོར་ཡིན། གནས་ལུགས་ལྟར་ན་འདི་འདྲའི་བུ་མོ་ཡ་རབས་སྤྱོད་བཟང་ཞིག་གིས་རང་གི་ཚེ་གཅིག་སྐྱ་ཡ་ཞིག་རྙེད་འོས་མོད། བསམ་བློ་སྐྱིད་ད་ལྟ་ད་དུང་ཡང་ཁེར་རྐྱང་ཡིན་པ་འདིས་མོའི་ལས་གྲོགས་ཚོ་དང་ཁ་ཡ་ན་ཟླ་ཚོའི་སེམས་སུ་རྟོགས་དཀའ་བའི་དྲི་བ་ཞིག་བཞག་ཡོད།
网友评论