美文网首页
གློག་བརྙན་ལ་སུན་སྣང་སྐྱེ་བ།

གློག་བརྙན་ལ་སུན་སྣང་སྐྱེ་བ།

作者: SONAM0 | 来源:发表于2021-02-15 19:27 被阅读0次

    ལོ་སར་གྱི་སྐབས་འདིར་སློབ་གཉེར་ལ་ཁ་ཡ་ཅི་ཡང་མ་བྱས་པར་གང་ཐུབ་ཀྱིས་རྩེད་དགོད་རྣམ་གཡེང་གི་ངལ་གསོའི་དཔལ་ལ་རོལ་བ་ཡིན། ཉིན་བཞི་ཙམ་ལ་དེ་ལྟར་སོང་བས་ད་ནི། ཅི་བྱེད་དགོས་པ་ཡང་མི་ཤེས་པའི་གནས་སུ་ཆགས་འདུག ངལ་གསོའི་དུས་ཚོད་རིང་དྲགས་ན་ཅི་བྱ་གཏོལ་བྲལ་གྱུར་འགྲོ་བ་འདི་དངོས་གནས་མཚར་རོ་རེད། སེམས་ཁམས་རང་དགར་སྟོང་སང་སང་དུ་ཆགས་འགྲོ། གློག་བརྙན་ལ་ཡང་བལྟས་ཀྱིན་བལྟས་ཀྱིན་དེ་འདྲའི་དོན་སྙིང་མེད་པའི་སྣང་བ་སྟེར། དུས་ཚོད་འགྲོ་ཐབས་ཙམ་ལས་སྤྲོ་སྣང་ཤུགས་ཆེར་འཕེལ་བར་མི་ནུས། ལྷག་པར་ཚོང་ལས་གློག་བརྙན་དག་གིས་དགའ་སྣང་གི་མེ་ཁ་གསོ་མི་ཐུབ་ཅིང་ཡིད་དབང་འགུག་པའི་གསོད་སྟོན་ཅི་ཡང་བཤམས་མི་ནུས་པའི་ཁར་རྗུན་བཟོ་རྐྱང་རྐྱང་ལས་རིན་ཐང་སྤུ་ཙམ་མི་འདུག་སྙམ་པ་དྲན་དུ་བཅུགས་ཡོང་། དེ་བས་ད་ནི་གློག་བརྙན་གྱིས་སྩོལ་མི་ནུས་པའི་དགའ་སྣང་དེ་ཇི་ལྟར་བཙལ་དགོས་མིན་ལ་བསམ་གཞིགས་གཏོང་བཞིན་ཡོད། ཆེས་ཡིད་ཚིམ་པའི་ངལ་གསོ་སྐྱིད་པོ་ཞིག་ཇི་ལྟར་རོལ་དགོས་མིན་ལ་ཐབས་ཤེས་འཐེན་བཞིན་ཡོད། བསམ་གྱིན་བསམ་གྱིན་ད་ཚོད་ང་ལ་དགོས་པ་དེ་གྲོགས་པོ་ཚོ་དང་མཉམ་འཛོམས་གྱིས་ཁ་ཟས་གང་ཞིམ་རེ་མཆོད་བཞིན་གཏམ་ཀུ་རེ་སྣ་ཚོགས་ཀྱི་འཇིག་རྟེན་འགྲིམ་རྒྱུ་དེ་ཡིན་པ་འདྲ། ཁ་མཚར་དགོད་གཏམ་གྱི་དཔལ་ལ་རོལ་རྒྱུ་དེ་ཡིན་པ་འདྲ་བས། གྲོགས་པོ་ཚོ་མགྲོན་ལ་བོས་ཏེ། ཞེ་བསམ་པའི་སྟེང་ནས་འུར་ཆེམ་ཆེམ་གྱིས་གནས་འདོད་དོ།། དེ་ནི་གློག་བརྙན་གྱིས་ཚབ་བྱེད་མི་ནུས་པའི་ངལ་གསོ་སྟངས་ཆེས་བཟང་ཤོས་ཤིག་དང་། སྣང་བ་སྐྱིད་ལ་སྐུར་བའི་ཐབས་བླ་ན་མེད་པ་དེའོ།།

    相关文章

      网友评论

          本文标题:གློག་བརྙན་ལ་སུན་སྣང་སྐྱེ་བ།

          本文链接:https://www.haomeiwen.com/subject/kvfmxltx.html