美文网首页
མདོ་ཁམས་ལྕི་ཆུ་ཡུལ་གྱི་མིང་གི་བྱ

མདོ་ཁམས་ལྕི་ཆུ་ཡུལ་གྱི་མིང་གི་བྱ

作者: 格扎旺索 | 来源:发表于2018-09-04 15:58 被阅读0次
    མདོ་ཁམས་ལྕི་ཆུ་ཡུལ་གྱི་མིང་གི་བྱུང་ཚུལ།

            གཙང་ཆེན་ལྕི་ལུང་ངང་མ་ཞེས་ལྕི་ཆུ་དལ་གྱིས་འབབ་པའི་དཀྱིིལ་ཏེ།གནས་དྲུག་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་ལྕི་ཆུ་ཤོག་ཀ་ཞེས་ཡུལ་ལ་དགེ་བཅུ་ཚང་ཞིང་ཡུལ་གྲོང་ཕུན་སུམ་ཚོགས་པ་དེ་ཡི་མིང་དོན་བཤད་པར་བྱ་སྟེ། ལྕི་ཆུ་ཤོག་ཁོངས་ཀྱི་ས་ཡི་རྒྱ་ཁྱོན་ཡོངས་ལ་སྤྱི་ལེ་གྲུ་བཞི་མ་༢༧༦༦༢༥༥ཡོད། དེེ་གནས་སྡོད་བྱས་པའི་གྲོང་སྡེ་༡༡དང་གྲོང་ཚོ་༣༡ཡོད། རྒྱ་མཚོ་ངོས་ཀྱི་མཐོ་ཚད་ཆ་སྙོམས་ལ་སྨིས་༣༧༧༠ཡོད། ཤོག་ཀ་སྲིད་གཞུང་ཆགས་ཆགས་གནས་ནི་གོ་ལའི་བྱང་གི་འཕྲེད་ཐིག་༣༡*༥༣'༡༦" ཤར་གྱི་གཞུང་ཐིག་༡༦*༠༧'༣༨"ཐོག་ཏུ་ཁེལ་ཡོད། ནང་ཆེན་ཤོར་མདའ་ནས་ལྕི་ཆུ་ཤོག་ཀ་བར་ལྕི་ལེ་༡༣༦ཡོད། ལྕི་ཆུ་ཤོག་ཀ་ཆགས་གནས་དབེ་ཧུ་ཁ་ཡིན། དེ་ལྕི་ཆུའམ་ངོམ་ཆུ་ཞེས་པ་ནི། གནའ་སྔ་མོ་འཇིག་རྟེན་ན་ངོམ་དུ་རུང་བའི་ལུང་པ་སྟེ་ངོམ་ལུང་སྟོད་ནས་འབབ་པའི་ཆུ་ལ་ངོམ་ཆུ་ཟེར་ཡང་ཕྱིས་སུ་ལྕི་ཆུ་ཐོགས་དོན་ནི། དེ་ཡང་ངོམ་གཞུང་སྟོད་ཀྱི་ནུབ་རྒྱུད་ཀྱི་མདོ་དབུས་མཐོ་སྒང་གི་ས་ཡི་མཚམས་ཀྱི་རྨུ་ཤ་རི་ལ་ཡི་ལུང་པ་ནས་ཚུར་ཤར་དུ་བབས་པའི་རྨ་ཆུ་དང་སྲང་ཕུ་དཀར་ལྡིང་དམར་ལྡིང་ནས་ཚུར་ཤར་དུ་བབས་པའི་སྲང་ཆུ་སྟེ་ཆུ་མགོ་གཉིས་ནི་ངོམ་ཆུའམ་ལྕི་ཆུ་སྔོན་མོའི་ཆུ་མགོ་དང་པོ་རུ་བརྩི་བར་འོས།རྨུ་སྲང་གི་ཆུ་གཉིས་འདུས་མདོར་རྨུ་སྲང་བེའུ་སུམ་མདོ་ཞེས་མདོ་ཁམས་སྟོད་མའི་ས་གནས་གྲགས་ཅན་ཞིག་གོ། རྨུ་ཆུ་སྲང་གཉིས་འདུས་ནས་རྒོད་རོང་འགག་ཏུ་བབས་པ་ན། ཆུ་རྩིའི་ཕ་བོང་དུ་ལྕི་ཞེས་པའི་ཡི་གེ་རང་བྱུང་ཡོད་པའི་ཐད་ཀྱི་ཆུ་མགོ་དང་འདྲེས་པ་ནས་ལྕི་རུང་དུ་འབོད་ཅིང་། དེ་ནས་བཟུང་གཞི་ནས་ལྕི་ཆུ་ཞེས་པའི་མིང་དངོས་སུ་ཐོགས་པ་ཡིན།

    相关文章

      网友评论

          本文标题:མདོ་ཁམས་ལྕི་ཆུ་ཡུལ་གྱི་མིང་གི་བྱ

          本文链接:https://www.haomeiwen.com/subject/lfzgwftx.html