དབྱིངས།
ཉིན་གུང་།ཕྱིའི་ཉི་འོད་ཀྱིས་ལུས་ཐོག་གི་ཉི་འོད་བསྐམས་སོང
སྟོན་ཁའི་ཆུ་འདི་དག་ཤར་ཕྱོགས་སུ་བཞུར
མེ་ནག་པོའི་དབུས་ཀྱི་ཚེར་མ་རྣོན་པོ་ལས
མག་མོག་གི་ཉིན་གུང་ཞིག་ཚེས
ཉི་མ་རུལ་འདུག སྤྲིན་པ་སོབ་སོབ་ཏུ་གྱུར
མཐེབ་རིས་ཀྱི་དབྱིབས་དང་འདྲ་བའི་འཇིག་རྟེན་འདིའི་སྟེང
དཔུང་བ་གཏུག་ཙམ་གྱིས་བྲལ་སོང་བའི་མི་དེ
ཡང་བསྐྱར་སྲང་མདོ་གང་ཞིག་ནས་འཕྲད་མི་ཡོང་ངམ་སྙམ
གལ་ཏེ རི་མཐོ་སར་འགོས་པ་ཡིན་ན
རང་ཉིད་རྦབ་ཏུ་འགྲིལ་བ་མཐོང་ཐུབ
མིག་གཉིས་བཙུམ་ནས་ཆུས་ཁུར་ཚེ
སྙིང་བོ་རབ་ཏུ་ཚ་བའི་མེ་ཆར་གྱིས
རུས་པའི་དབུགས་པ་བསྲེགས་ཐུབ་བམ
2016.10.20
网友评论