美文网首页
༢༠༡༧-༠༦-༡༣

༢༠༡༧-༠༦-༡༣

作者: 哦近几年功夫的人 | 来源:发表于2017-06-13 07:23 被阅读0次
    ༢༠༡༧-༠༦-༡༣ ༡ ང་ཚོ་རྩེད་མོ་རྩེད་པའི་དུས་ལ་བབ་སོང་།

    ༢ ཨ་མས་དྲན་མ་ཐུབ་པ་ཁྱོད་ཀྱིས་དྲན་ཐུབ་འདུག

    ༣ ནོར་འཁྲུལ་ལ་མི་སྐྲག་པར་རང་གི་བློ་ཁོག་ཆེན་པོ་བྱ་དགོས།  གཙོ་བོ་རང་གི་གཟབ་ནན་བྱ་དགོས།

    ༤ ཁྱོད་ངོ་མ་སྤྱང་པོ་འདུག སྟབས་བདེ་ཤོས་ཀྱི་ཐབས་ཤེས་སྤྱད་དེ་དཀའ་གནད་འདི་སེལ་སོང་།   

    ༥ ཐབས་ཤེས་ནི་དཀའ་སྡུག་ལས་ཀྱང་མང་།

    ༦ ང་རང་དགའ་ཤོས་ནི་རང་གི་འཛུམ་པའི་རྣམ་འགྱུར་དེ་ཡིན།

    ༧ རང་ཉིད་ལ་ཡིད་ཆེས་ཡོད་དགོས།  

    ༨ སེམས་སྐྱིད་པོ་མེད་དུས་སྦ་གསང་མེད་པར་སྐད་ཆ་བཤད་དགོས།

    དེ་ལྟར་ན་ངས་ཁྱོད་རང་སྐྱིད་པོ་མེད་པ་ཤེས་ཐུབ་ཅིང་།

    ངས་རང་ལ་དབྱེ་ཞིབ་བྱ་རོགས་བྱས་ཆོག

    ༩ ཁྱོད་ཀྱིས་བཤད་པར་གནས་ལུགས་ཡོད་པས།

    མུ་འཐུད་ནས་བཤད་རོགས།

    ༡༠ ཁྱོད་ཀྱིས་འབད་བརྩོན་ཆེན་པོ་བྱས་འདུག

    མུ་མཐུད་དུ་རྒྱུན་འཁྱོངས་བྱས་ན་གནད་དོན་དེ་ཐག་གཅོད་བྱ་ཐུབ།

    ༡༡ ཁྱོད་ཀྱིས་གང་ཟ་འདོད་ཡོད་ན་ང་ཚོས་མཉམ་དུ་བཟོས་ཆོག

    ༡༢ བུ། ཤུགས་རྒྱོབ། ཁྱོད་ཀྱིས་སྒྲུབ་ཐུབ་ངེས་ཡིན།

    ༡༣  ངེད་གཉིས་སུ་མགྱོགས་པོ་ཡོད་པར་འགྲན་ཆོག

    ༡༤ ཁྱོད་རང་སྔར་ལས་ཆེ་རུ་ཕྱིན་འདུག  

    ༡༥ བུ། ཁྱོད་ནི་འདི་འདྲའི་བསམ་ཤེས་ཡིན་ཏེ།

    རྟག་པར་ཨ་མར་ནང་ལས་བྱ་རོགས་བྱེད་ཐུབ།

    ༡༦ ཁྱོད་དངོས་གནས་འཇོན་པོ་འདུག་པས།

    ཨ་མས་རོགས་ག་ལ་དགོས་སམ།

    ༡༧ དེ་རིང་ཁྱོད་ཆེས་སྤྲོ་པོ་ཡོད་པའི་དོན་དེ་གང་ཡིན།  

    ༡༨ དགོངས་པ་མ་ཚོམས།   ང་རང་གོ་ནོར་ཐེབས་འདུག 

    ༡༩ ཁྱོད་དེ་རིང་གྲོགས་པོ་ཚོ་དང་མཉམ་དུ་སྐྱིད་པོ་བྱུང་ངམ། རྒྱུ་མཚན་ཅི།

    ༢༠ དོན་དེར་ཁྱོད་ལ་ལྟ་ཚུལ་ཅི་ཡོད།   དེར་ཐག་གཅོད་ཐབས་རིགས་ག་ཚོད་འདུག

     

    相关文章

      网友评论

          本文标题:༢༠༡༧-༠༦-༡༣

          本文链接:https://www.haomeiwen.com/subject/liorqxtx.html