གངས་ཅན་གཙུག་ལག་བརྡ་སྤྲོད་སྐོར་ལ་
作者:
Quzhala | 来源:发表于
2017-11-06 08:48 被阅读0次
དང་པོ་མཆོད་པར་བརྗོད་པ་ལ།།
གང་ཞིག་གཏེ་མུག་ཁྲོད་ན་འོད་ཟེར་སྣང་བ་དང་།།
རིགས་དྲག་ཐར་བའི་ལས་ལ་བརྩོན་མཛད་པ།།
བླ་མ་མཆོག་དང་སྤྱན་རས་གཟིགས་མགོན་ལ།།
སྒོ་གསུམ་འབག་ཏུ་གུས་ནས་ཕྱག་འཚལ་ལོ།།
དེ་ཡང་བོད་ཁ་བ་ཅན་གྱི་ཆོས་ལྡན་ཞིང་ཁམས་དེ་ལ་། སྔར་ཕ་སྤྲེལ་རྒྱན་དང་མ་བྲག་སྲིན་མོ་གཉིས་ཀྱུ་བོད་མིའི་རྒྱུད་པ་བྱུང་བ་ནས་ཟུང་། བསོད་ནམས་ཅན་གྱི་ཞིང་ཁམས་དེ་ལ་སྐྱེས་བོ་རང་རང་གི་འདུཤེས་དང་རྣམ་དཔྱོད་མི་འདྲ་བ་ལ་བརྟེན་ནས་ངོ་མཚར་ཅན་གྱི་རིག་གནས་ཕུལ་ཕུལ་དུ་བྱུང་བ་མག་པོ་ཞིག་གསར་དུ་གཏིད་ཡོད་པ་དང་ དེ་ཡི་ལྷག་པར་དུ་དྲིན་ཅན་ལོ་རྩ་བ་རྣམས་ལ་བཀའ་དྲིན་ཆེ་ཞུས་འདོད་ ཁོང་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བོད་ཁ་བ་ཅན་གྱི་ཡུལ་ལ་གཏེ་མུག་གི་མུན་པ་སེལ་བ་དང་ སྔོན་ཐོན་གྱི་རིག་གནས་ནང་འདྲེན་བྱས་ནས་རང་རིགས་ཀྱི་རིག་གནས་ཆེས་ཁ་ཚང་བ་དང་ཕུན་སུམ་ཚོགས་པར་འགྱུར་་ཁོང་རྣམས་ཀྱི་བཀའ་དྲིན་ནི་ངེས་ཚོ་ཕྱི་རབས་པ་རྣམས་ཀྱི་ཤེས་བྱ་ཡོན་ཏན་དེ་དག་ལ་ཡུན་ནས་་ཡུན་དུ་སྦྱོང་བ་དང་དར་སྤེལ་བཏང་བ་མ་གཏོགས་འཇལ་བ་མི་ནུས་།།
དེ་ཡང་གངས་ཅན་ཡུལ་དེ་རྨོངས་འི་སྐབས་སུ་ཤེས་བྱའི་སྒྲོན་མེ་ཞིག་འབར་མཁན་གྱི་སྐྱེས་ཆེན་དམ་པ་ སློབ་དཔོན་ཐོན་མི་མཆོག་གི་བཀའ་དྲིན་ལ་བརྟརན་ནས་དངོས་སུ་འཛམ་གླིང་ཆེས་སྔོན་ཐོན་གྱི་བོད་ཡིག་གསར་དུ་གཏོད་པ་དང་ དེ་དང་ཆབས་ཅིག་བརྡ་སྤཐོད་རིག་པའི་སྐོར་གྱི་གཞུང་བརྒྱད་ཙམ་རྩོམ་གནང་བ་རེད་ ཡིནཡང་ཕྱིས་སུ་བོད་མི་བསོད་ནམས་ཉམས་པ་ལ་བརྟེན་ དམག་འཁྲུགས་སྐབད་སུ་དེ་དག་བོར་བརླག་གམ་གཏོར་སྐྱོན་འཐིབས་ནས་ད་ལྟ་མཐོང་བ་ཞིག་ལ་སུམ་རྟགས་ཙམ་ལས་མེད་ དེ་ནི་བོད་མི་ཡོངས་ཀྱི་གཅེས་ནོར་བཞིན་དུ་སྦྱོང་བརྩོན་བྱས་འོས་པ་ཞིག་རེ་ད་དོ་་།
“ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ་”ཞེས་གསུངས་པ་བཞིནདེ་དང་འདྲ་བར་
རང་རིགས་ཀྱི་བརྡ་སྤཐོང་རིགནཔ་མ་ཤེས་ན་་ སྐད་ཆ་བཤད་མི་ཤེས་པའི་བོང་བུ་དང་གཉིས་སུ་མེད་ སུམ་རྟགས་ནི་བོད་ཡིག་ལེགས་པར་སྦྱོང་བའི་རྨང་གཞི་དེ་ཡིན་ གལ་ཏེ་དེ་ལ་སྦྱོང་བརྩོན་བྱས་བའི་སྙིང་སྟོནས་ཙམ་ཀྱང་མེད་ན་ བཀའ་དྲིན་ཆེ་བའི་མེས་པོ་ཚོའི་དྲིན་ལན་ཇི་ལྟར་འཇལ་ དེ་ཡང་ཆེས་མཐའ་མའི་གཞུང་ལུགས་རྩ་ཆེན་དེ་ཉུད་ལ་སྦྱོང་བརྩོན་བྱས་བ་ནི་གལ་ཆེ་བ་རརད་སྙམ་
དེ་ཡང་སུམ་རྟགས་དག་གསུམ་གྱི་སྐོར་ལ་རག་ཙམ་གླེང་བ་ཡིན་ན་ ཐོན་མིས་བརྩམས་པར་གྲགས་པའུ་སུམ་ཅུ་པའི་རྩ་བ་ལ་མཆོད་པར་བརྗོད་པ་དང རྩོམ་པར་དམ་བཅའ་བ་ ངོ་བོ་ངེས་པར་སྟོན་པའི་ཚིགས་བཅད་ཤོ་ལོ་ཀ་གསུམ་ཐུན་མོང་དུ་བྱད་ན་བརྗོད་བྱེད་ཤོ་ལོ་ཀའི་གྲངས་ནས་འདོགས་་པ་ཡིན་ དེ་ཡང་པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་ཀ་ལི་གསུམ་བཅུའི་བརྗོད་བྱ་གཙོ་བོར་སྟོན་པས་ན་བརྗོད་བྱ་དོན་གྱི་སྒོ་ནས་བཏགས་པའི་བཤད་སྲོལ་ཡང་ཡོད་ དེ་ནི་གཙོ་བོ་ཚིག་ཕྲད་ཀྱི་རྣམ་གཞག་གཙོ་བོར་སྟོན་པའི་གཞུང་ཞིག་ཡིན་ དེ་ལས་ད་དུང་རྟགས་འཇུག་གི་མིང་འདོགས་ཚུལ་ལ་དེ་ལྟར་ཡིན་ནོ་ བོད་ཡིག་བཀླག་སྐབས་ཀྱི་དྲག་ཞན་བར་མ་རྣམས་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་མཚན་ཅིང་ སྔོན་རྗེས་མིང་མཐའ་སོགས་ཀྱི་སྦྱོར་སྟངས་གསལ་བར་སྟོན་པའི་གཞུང་ཡིན་ལ་ བརྗོད་བྱ་དོན་གྱི་སྒོ་ནས་བཏགས་པ་ཡིན་་།།
སུམ་ཅུ་པའི་བརྗོད་བྱ་གཙོ་བོ་ནི་ཕྲད་དང་རྣམ་དབྱེ་གཙོ་བྱས་པའི་ཚིག་སྦྱོར་གྱི་རྣམ་གཞག་སྟེ་ཚིག་གི་སྦྱོར་བ་རྒྱ་ཆེར་སྤེལ་་བ་འོ་
རྟགས་འཇུག་གི་བརྗོད་བྱ་གཙོ་བོ་ནི་
ཡི་གེའུ་ཕོ་མོ་མ་ནིང་ངི་རྟགས་ཀྱི་དབྱེ་བ་
本文标题:གངས་ཅན་གཙུག་ལག་བརྡ་སྤྲོད་སྐོར་ལ་
本文链接:https://www.haomeiwen.com/subject/lwpkmxtx.html
网友评论