གྱེས་ཁའི་གཏམ།
བདེ་མོ།
བདག་ཡིད་ཐོ་རེངས་སྐར་ཆེན།།
ཟླ་འོད་མག་མོག་འགྲམ་ནས།།
རྡོ་བརྐོས་རི་མོ་དོད་པོ།།
སེམས་ལ་འཁོར་འཁོར་བྱེད་ཡོང་།།
ཚེ་སྔོན་ལས་ཀྱིས་བཀོད་པས།།
མཐུན་པའི་ཨ་ལོང་གྲོལ་རན།།
སྔོན་བསགས་ལས་འཕྲོ་ཟད་རུང་།།
གྱེས་ཁར་ཚིག་གསུམ་ཞུ་འདོད།།
ཆག་གྲུམ་གཏམ་རྒྱུད་སྐྱུར་མོར།།
བདེ་མོ་བཞག་ན་འགྲིག་རེད།།
རྒྱང་ཆོད་སེམས་ཐག་བར་ནས།།
ཕྱི་མིག་སྙིང་ལ་མ་འཇོག།
མི་ཚེའི་བཞི་མདོ་དེ་ནས།།
བདེ་མོ་མི་འཇོག་ཀ་མེད།།
བྲལ་བའི་ལམ་ཁ་དེ་ནས།།
ལམ་སྣེ་རིང་བའི་སྨོན་ལམ།།
འདས་བའི་གཏམ་རྒྱུད་སྐྱ་བོ།།
གྱེས་ཁའི་ལག་བརྡ་བྱེད་དུས།།
མཛེས་བའི་མེ་ཏོག་ཁྱེད་ཡིན།།
གྱེས་གདུང་མཆི་མ་མི་བརྗེད།།
མྱིང་མེད།
网友评论