美文网首页
ཐུན་ཏེ་རྫོང་མི་དམངས་སྨན་ཁང་གནས་ས

ཐུན་ཏེ་རྫོང་མི་དམངས་སྨན་ཁང་གནས་ས

作者: 同德县人民医院 | 来源:发表于2016-10-03 09:03 被阅读0次

        ཐུན་ཏེ་རྫོང་མི་དམངས་སྨན་ཁང་གནས་སྤོར་ཁྱབ་བསྒྲགས།

        རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཤུགས་ཆེན་པོའི་རམ་འདེགས་དང་ཐུགས་ཁུར་འོག་སྤྱི་ལོ་༢༠༡༦ལོའི་ཟླ་༩ཚེས་༣༠ཉིན་ཐུན་ཏེ་རྫོང་མི་དམངས་སྨན་ཁང་ཧྲིལ་པོ་གནས་སྤར་ཏེ་རྫོང་མཁར་གྱི་གྲོང་གསར་སྨན་ཁང་དུ་སོང་ཡོད་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀུན་གྱི་ནད་བརྟག་སྨན་བཅོས་ཐད་ལ་སྟབས་བདེ་ཡོང་ཆེད།འདི་རུ་འབྲེལ་ཡོད་དོན་དག་འགའ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན།

    ༡ གྲོང་གསར་སྨན་ཁང་གི་ས་གནས

       གྲོང་གསར་རྫོང་ཨུ་དང་རྫོང་སྲིད་གཞུང་ཐོག་ཁང་ཆེན་མོའི་ཤར་ཕྱོགས༼ཐུན་ཀོས་ལམ་དང་གཡུ་རྔོག་ལམ་གྱི་འདྲེས་མཚམས༽སུ་ཡོད།

    ༢ བར་སྐབས་དེའི་སྨན་བཅོས་བཀོད་སྒྲིག

     ༢༠༡༦ལོའི་ཟླ་༩་ཚེས་༣༠ཉིན་གྱི་དུས་ཚོད་༡༨:༠༠སྟེང་སྨན་ཁང་རྙིང་བར་ལས་མཚམས་བཞག་རྗེས་མྱུར་སྐྱོབ་དང་ཞག་སྡོད་ནད་པ་ཡོངས་སྨན་ཁང་གསར་བར་འཁྲིད་རྒྱུ་ཡིན་པ་དང་། ཁྱབ་བསྒྲགས་འདི་མཐོང་རྗེས་འབྲེལ་ཡོད་པ་ཐམས་ཅད་གྲོང་གསར་མི་དམངས་སྨན་ཁང་དུ་ཡོང་རྒྱུ་མཁྱེན།

    ༣  བརྟག་བཅོས་ཐད་ཀྱི་ཁས་ལེན

    གྲོང་གསར་སྨན་ཁང་དུ་བརྟག་བཅོས་ལ་ཕེབས་པའི་ནད་པ་ཡོངས་ཀྱིས་སྔར་བཞིན་"གཅིག་མེད་བདུན་ཕྲི"དང་"སྔོན་ལ་ཞག་སྡོད།འབུད་ཁར་སྡོམ་རྩིས"སོགས་ཀྱི་དམངས་ཕན་དམངས་བདེའི་སྲིད་ཇུས་ལོངས་སྤྱོད་བྱས་ཆོག

    ༤  ཚན་ཁག་བཀོད་སྒྲིག

        གྲོང་གསར་སྨན་ཁང་དུ་ནད་བརྟག་སྨན་བཅོས་ལ་ཕེབས་པའི་གྲོགས་པོ་དག་གིས་གཤམ་གྱི་ཚན་ཁག་བཀོད་སྒྲིག་ལྟར་རང་ཉིད་དང་འབྲེལ་ཡོད་ཚན་ཁག་བཙལ་ཏེ་བརྟག་བཅོས་བྱེད་རྒྱུ།

    སྒོ་སྟེན་ཐོག་ཁང་ཆེན་མོ

       གཅིག་ཐོག  པར་ལེན་ཚན་ཁག་དང་མྱུར་སྐྱོབ་ཚན་ཁག

       ཉིས་ཐོག    སྒོ་སྟེན་ཚན་ཁག་དང་རྫས་གཤེར་ཚན་ཁག

       སུམ་ཐོག    བོད་སྨན་ཚན་ཁག་བཅས་ཡོད།

    ཞག་སྡོད་ཐོག་ཁང་ཆེན་མོ

      གཅིག་ཐོག  སྨན་སྟེར་ཁང  དངུལ་བསྡུ་ཁང  མོ་ནད་བུ་བཙའ་ཚན་ཁག

        ཉིས་ཐོག   ཁོང་ནད་དང་བྱིས་ནད་ཚན་ཁག

        སུམ་ཐོག   ཕྱི་ནད་ཚན་ཁག

        བཞི་ཐོག   གཤགས་ལས་ཚན་ཁག་བཅས་སོ།

    ༥   རྩད་གཅོད་ཁ་པར

        མྱུར་སྐྱོབ ༡༢༠

       རྩད་གཅོད་༠༩༧༤-༨༥༩༢༤༢༤

    ཐུན་ཏེ་རྫོང་མི་དམངས་སྨན་ཁང་གནས་སྤར་རྗེས་སྨན་བཅོས་ཁོར་ཡུག་ལྡབ་འགྱུར་གྱིས་ཇེ་ལེགས་སུ་སོང་ཡོད་པས་ངེད་ཅག་གིས་ཀྱང་ལྷག་བསམ་ཟོལ་མེད་ཀྱིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཡོངས་ལ་ཕན་ནུས་མཐོ་བ། རྒྱུ་སྤུས་ལེགས་པ། བློ་བདེ་བག་ཕབ་ཀྱི་ཞབས་ཞུ་གང་བཟང་སྒྲུབ་རྒྱུ་ཡིན། ཐེངས་འདིའི་གནས་སྤོར་ཁྲོད་ཁྱེད་ཅག་ལ་འོ་བརྒྱལ་མང་པོ་བཟོས་སོང་བས་ཆེད་དུ་དགོངས་དག་ཞུ།

                              ཐུན་ཏེ་རྫོང་མི་དམངས་སྨན་ཁང་ནས།

                                 ༢༠༡༦ལོའི་ཟླ་༩ ཚེས་༣༠ཉིན་ལ།                                        

    相关文章

      网友评论

          本文标题:ཐུན་ཏེ་རྫོང་མི་དམངས་སྨན་ཁང་གནས་ས

          本文链接:https://www.haomeiwen.com/subject/nazdyttx.html