དམར་ཁ་ཚ།
འཇབ་ཀྱིན་འཇབ་ཀྱིན་
ཨ་མའི་ཕྱག་ཟུང་ལས་མཉེན་པའི་བྱིལ་བྱིལ་འདིས་
གཉིད་ལ་ཤོར་བའི་སྲོག་ཆགས་གྲངས་མེད་ཅིག་གཉིད་ལས་བསླང་
ཁུ་བྱུག་གི་གསུང་སྐད་དང་འགྲོགས་པའི་
ཁྲུང་ཁྲུང་གི་སེམས་པ་དང་མཉམ་དུ་
འཛིན་མའི་ཡིད་ཀྱི་གཏིང་ལ་རློན་ཤ་ཆགས་པའི་ཚོར་བ་ཞིག་བསྐྱལ་ཡོང་
གཞའ་རེས་ཡིབ་རེས་བྱེད་པའི་རྩ་ཕྲན་དག་
དཀར་ལ་དམར་མདངས་རྒྱས་པའི་
འབྲོག་མོ་ཆུང་ཆུང་ཞིག་གི་གོམ་འགྲོས་ལྟར་
གཅིག་གིས་གཅིག་ལ་ཕུ་འདེད་བྱེད་བཞིན་
འཇིག་རྟེན་འདིར་ཡོང་བར་ཁ་སྐྱེངས་ཞོར་
འོང་གིན་གདའ་
བསིལ་འཇམ་གྱི་དྲི་བཞོན་ཞིག་ཆུང་མའི་འོ་ལ་སྤྲུལ་ནས་
ངོ་གདོང་ཧྲིལ་བོ་ཁད་ཀྱིས་བལྡགས་
ལུས་ཕྲ་སྐེད་མེད་ཅིག་གི་འཇོ་སྒེག་གིས་བསླུ་བྲིད་ལ་མིག་ཟུང་ཤོར་མ་མྱོང་སྐྱེས་པ་སུ་ཞིག་ཡོད་
ཕོ་བརྒྱའི་སེམས་པ་ཤོར་སའི་སྡུག་གུ་མ་ལ་
མོ་བརྒྱའི་ཕྲག་དོག་མ་ལངས་མཁན་སུ་ཞིག་ཡོད་
网友评论