འཁྲུང་སྐར་བསུ།
ཚོར་བྱུང་སྙན་ངག་གིས།
སྒེའུ་ཁུང་ཕྱི་རོལ་ན་ཉི་འོད་ལྡང་དུས།།
ལེན་བུ་རེ་རེ་ལ་ཚེ་སྐུད་དཀྲེས་ཡོད།།
ལོ་གཅིག་ལོ་གཉིས་དེ་མཛུབ་མོས་བགྲངས་དུས།།
ཁྱེད་ཀྱིས་འཁྲུང་སྐར་དེ་མདུན་ནས་ཚེས་སོང་།།
ལྷ་ཚོགས་མི་ཚོགས་ཀྱིས་བརྩེ་ར་ཞིག་ནས།།
དྲན་པའི་ཡིག་ཚགས་དེ་རི་ལྟར་རྩིག་ཡོད།།
འཇིག་རྟེན་འུར་འུར་གྱི་ལམ་ཁ་དེ་ནས།།
སེམས་པའི་འཆར་སོ་དེ་ཁྱེད་ཉིད་ཡིན་འདུག།
ཉི་མའི་དྲོད་འཇམ་ཀྱི་ཁ་ངོགས་དེ་ནས།།
ཁྱེད་ཀྱིས་སྐུ་པར་ལ་ཡང་ཡང་བལྟ་དུས།།
དུས་བཟང་ཚེ་བཟང་གིས་ཉེ་ཤུ་ལྔ་ལ།།
ཁྱེད་ཉིད་འཁྲུང་པ་དེ་ཁོ་བོའི་བསོད་ནམས།།
མི་ཚེ་ཧྲིལ་བོ་འདི་རྫོགས་མཐའ་མེད་ན།།
ཁྱེད་ཉིད་དྲན་པ་ལ་བཤད་ཚོད་མེད་ཀི།
རྨི་ལམ་ཐུམ་བུ་ལ་བློ་སྔས་བྱེད་དུས།།
ཁྱེད་སྐུ་མཇལ་བ་དེ་རེ་ཞིག་སྒུག་ཡོད།།
༢༠༡༧/ ༡༢ / ༢ ཉིན་ལ་སེམས་སུ་འབབ་པའི་སྤུན་ཡ་མཆོག་ལ།
网友评论