美文网首页
2017-10-18

2017-10-18

作者: 卡丫娜哒 | 来源:发表于2017-10-18 00:19 被阅读0次

ས་ལ་བཀྲ་ཤིས་ཤིང་ཕྱུགས་ལ་གཡང་ཆགས་སའི་མགར་ཞོལ་སྡེ་བརྒྱད་ཀྱིི་ཡུལ་མི་ལྷན་རྒྱས།  སྐུ་ཁམས་བཟང་། 

བརྡ་ཁྱབ།

ང་ཚོ་ན་མཉམ་སྤུན་ཟླའི་མཐུན་སྒྲིལ་གཏིང་ཟབ་དུ་གཏོང་ཆེད་དང་།  སྤོ་ལོར་རྩེད་རྒྱུར་དགའ་བའི་གསར་སྐྱེས་ལུས་རྩལ་བ་གང་མང་ཞིག་གི་སྤོ་ལོའི་ནུས་རྩལ་སྔོག་འདོན་བྱེད་ཆེད་སྐབས་དང་པོའི《ཁ་ཡ་ན་ཟླའི》སྤོ་ལོ་འགྲན་བསྡུར་ངེད་ན་གཞོན་སྐོར་ཞིག་གི་མ་སྐུལ་དང་དུ་བླངས་ནས་གཙོ་སྒྲུབ་བྱེད་བཞིན་ཡོད་པས། ཕྱོགས་སོ་སོའི་རུ་ཁག་གཅིག་ཀྱང་མ་ལུས་པར་འགྲན་བསྡུར་འདིར་ཞུགས་ཐུབ་པར་རེ་བ་ཆེན་པོ་ཞིག་ཡོད་པ་མ་ཟད། འདི་ལ་མོས་པ་ཡོད་མཁན་གྱི་ཕ་ཡུལ་གྱི་སྤུན་ཟླ་རྣམས་ཀྱང་གཟིགས་མོར་ཕེབས་པར་དགའ་བ་སྟོང་དང་སྤྲོ་བ་འབུམ་གྱིས་བསུ།                                                                              ཚོགས་པ་རེ་ནས་མི་བདུན་དགོས་ལ། 

ལྭ་བ་གཅིག་གྱུར་ཡིན་དགོས།

མིང་ཐོ་འགོད་རིན་ཚོགས་པ་རེ་ནས་སྒོར500ཡིན།

ཨང་དང་པོར་དམངས་སྒོར2000དང་སྐེ་འདོགས་རྟགས་མ་རེ།

ཨང་གཉིས་པར་དམངས་སྒོར1500དང་སྐེ་འདོགས་རྟགས་མ་རེ།

ཨང་གསུམ་པར་དམངས་སྒོར 1000དང་སྐེ་འདོགས་རྟགས་མ་རེ་བཅས་ཡོད།

འགྲན་བསྡུར་ལ་ཞུགས་པའི་རུ་ཁག་ཚང་མ་ཞོལ་མ་སྡེ་བརྒྱད་ཀྱི་ཁོང་གཏོགས་ཡིན་དགོས་ལ།

འབའ་རྫོང་ནང་ཁུལ་གྱི་མི་གཉིས་ནང་དུ་ཞུགས་ཆོག 

དེ་མིན་ཕྱོགས་སོ་སོའི་རུ་ཁག་གང་ཞིག་འགྲན་བསྡུར་གྱི་སྒྲིག་ལམ་དང་འགལ་ནས་ཕན་ཚུན་ལ་ཁ་རྩོད་རྒྱག་པ་དང་ཤན་འབྱེད་པར་ཕྱིར་ལན་སློག་མཁན་ཡོད་ན་རུ་ཁག་དེའི་འགྲན་བསྡུར་དབང་ཆ་ལེན་རྒྱུ་ཡིན།

འགྲན་བསྡུར་གྱི་མགོ་མཇུག་བར་གསུམ་ལ་དོན་དག་ཅི་ཞིག་བྱུང་རུང་ངེད་གཙོ་སྒྲུབ་མི་སྣའི་འགན་མི་འཁུར།

ཧོར་ཟླ་11བའི་ཚེས1ནས2ཉིན་བར་ལ་ངེས་བར་དུ་མིང་ཐོ་བཀོད་ཚར་དགོས། 

ཧོར་ཟླ11བའི་ཚེས3ཉིན་གྱི་སྔ་དྲོའི་དུས་ཚོད8དང་30སྟེང་ནས་འགྲན་བསྡུར་དངོས་སུ་མགོ་རྩོམ་རྒྱུ་ཡིན།

འབྲེལ་གཏུགས་བྱེད་ཡུལ། 

གནམ་ལྷ་བཀྲ་ཤིས།  17797388933 

བདྨ་དབང་ཆེན། 15309749444

ས་གནས།  ཞོལ་མ་དར་བ་སྡེ་བའི་ལུས་རྩལ་ར་བ།

相关文章

网友评论

      本文标题:2017-10-18

      本文链接:https://www.haomeiwen.com/subject/nvzjuxtx.html