美文网首页
བརྡ་སྦྱོར།

བརྡ་སྦྱོར།

作者: duo才 | 来源:发表于2017-12-18 21:21 被阅读0次

    ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ལས་མཆེད་ཅིང་མ་བྲག་སྲིན་མོའི་པང་ནས་ཐོན་པའི་རིགས་མཐུན་གཅིག་པའི་སྤུན་གྲོགས་རྣམས་པ་ཚོའི་སྙན་ལམ་དུ།

      ངེད་མགར་སྟོང་བཙན་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ནི་སྤྱི་ལོ་2017ལོའི་ཟླ2པའི་11ཉིན་དངོས་སུ་སྒོ་འབྱེད་བྱས་ཤིང་།ཆེད་དུ་ཕ་ཡུལ་ལ་རིག་གནས་ཀྱི་ཞབས་འདེགས་ཞུ་བར་དམིགས་ནས་བཙུགས་པ་ཡིན་ལ།ད་ལོའི་དབྱར་གནང་གི་སྐབས་སུ་སློབ་ཆུང་སློབ་མ་ལྔ་བཅུ་ལྷག་དང་མཐོ་གསུམ་སློབ་བུ་བཅུ་ཕྲག་ལྷག་བསྡུས་ནས་སློབ་ཆུང་ལ་སྦྱོར་ཀློག་གཙོ་བྱས་དབྱར་གནང་ལས་བྱ་འབྲི་རུ་བཅུག་པ་ཡིན་ལ་མཐོ་འབྲིང་རིམ་པར་མཐོ་རྒྱུགས་ལ་ཁ་ཕྱོགས་ནས་བོད་ཡིག་གཙོ་བྱས་ཏེ་དགེ་རྒན་གདན་འདྲེན་གྱིས་གསབ་སྦྱོང་འཛིན་གྲྭ་ཞིག་ལེགས་པར་འགྲུབ།ད་དུང་ད་ལོའི་དགུན་གཞུང་འདི་ལའང་ཡིག་རྨོངས་སེལ་བའི་འཛིན་གྲྭ་ཞིག་བཙུགས་ནས་ལེགས་འགྲུབ་བྱུང་།འཛིན་གྲྭ་འདི་ལ་ཕོའི་འཛིན་གྲྭ་གཅིག་དང་མོའི་འཛིན་གྲྭ་གཉིས་ཡོད།དེ་མ་གཏོགས་དྲྭ་ལམ་དུ་ཡང་རྒྱ་ཡིག་གི་རྨང་གཞིའི་འཛིན་གྲྭ་ཞིག་བཙུགས་ནས་ད་ལྟ་སློབ་ཁྲིད་བྱེད་བཞིན་མཆིས།དེ་ཡིན་ན་ད་ལོའི་དགུན་གནང་གི་སྐབས་འདི་ལའང་སློབ་ཆུང་འཛིན་གྲྭ་གཉིས་དང་ཡིག་རྨོངས་འཛིན་གྲྭ་གཉིས།མཐོ་འབྲིང་འཛིན་གྲྭ་གཅིག་བསྡུས་ནས་ཕ་ཡུལ་ལ་ནུས་ཚད་ཀྱིས་རིག་གནས་ཞབས་ཞུ་རེ་བསྒྲུབས་རྒྱུ་ཡིན་པས།རྣམས་པ་ཚོས་ཐུགས་ལ་འཇགས་པར་འཚལ།

    འབྲེལ་གཏུག་བྱེད་ཡུལ།

          ཁ་པར་ཨང་གྲངས།15722332212

                                  15897030082

        འཕྲིན་ཕྲན།15897030082

                        870406629

    མགར་སྟོང་བཙན་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས།

    སྤྱི་ལོ་༢༠༡༧ལོའི་ཟླ་༡༢པའི་ཚེས་༡༨ཉིན།

    ངེད་མགར་སྟོང་བཙན་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་སྒྲུབ་པའི་ད་ལོའི་དབྱར་གནང་སྐབས་ཀྱི་གསབ་སྦྱོང་། ངེད་མགར་སྟོང་བཙན་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་སྒྲུབ་པའི་ད་ལོའི་དགུན་གཞུང་གི་ཡིག་རྨོངས་འཛིན་གྲྭ ངེད་མགར་སྟོང་བཙན་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་སྒྲུབ་པའི་དྲ་ལམ་རྨང་གཞིའི་འཛིན་གྲྭ

    相关文章

      网友评论

          本文标题:བརྡ་སྦྱོར།

          本文链接:https://www.haomeiwen.com/subject/okkvwxtx.html