སྐྱོ་གླུ
ཚེ་སྔོན་ལས་ཀྱི་བཀོད་པས།
རྨ་ལུང་སྔོན་མོའི་འགྲམ་ནས།།
འབྲོག་སྡེའི་སྦྲ་ནག་ཁྲོད་དུ།།
མི་ཚེའི་མེ་ཏོག་བཞད་བྱུང་།།
ཆུང་ཆུང་བྱིས་པའི་དུས་སུ།།
མི་གཤིས་རིག་གནས་སྦྱངས་ནས།།
རྫི་གླུ་རླུང་ལ་སྐུར་ཞོར།།
ལོ་ཟླའི་རྩེད་འཇོར་རོལ་བྱུང་།།
ལང་ཚོའི་ཟླ་གཞོན་རྒྱས་ཚེ།།
སྙིང་གླུ་དབྱངས་སུ་བཀུག་ནས།།
ན་ཆུང་བུ་མོ་ཞིག་གིས།།
དགའ་བའི་དུང་སེམས་འཕྲོག་སོང་།།
མི་ངན་གྲོགས་ཀྱི་རྗེས་ནས།།
འཁོར་བའི་ཟེ་ཟེའི་བདེ་སྡུག །
ལས་མཐུན་སྤུན་ཟླའི་རྣ་བར།།
མ་གསང་དྲང་བོར་བརྗོད་ཡོད།།
གངས་དཀར་རི་བོའི་རྩེ་ནས།།
ཐོ་རེངས་ཕྱོགས་སུ་ལྟ་དུས།།
སྙིང་སྡུག་བྱམས་པ་དྲན་ནས།།
སྐྱོ་བའི་གླུ་ཞིག་ལེན་འདོད།།
མི་ངོགས་འཇིག་རྟེན་འདི་རུ།།
དྲན་པའི་དུང་བ་སྐྱེས་པས།།
ནང་སེམས་ཆུ་མའི་ཆབ་རྒྱུན།།
འཇམ་པོའི་ཁུད་ནས་གཉིད་སོང་།།
网友评论